《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月09日

རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(ལྗོངས་སྲིད་འཛིན་སློབ་གླིང)2020ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

ཏིང་ཡེ་ཤན་ཕེབས་ནས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(ལྗོངས་སྲིད་འཛིན་སློབ་གླིང)2020ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཞའོ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཀྱི་སྒོ་ནས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་བཅོས་སྐྱོང་གི་ནུས་པ་ཏན་ཏིག་ངང་ཆེ་རུ་བཏང་སྟེ་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་སྔར་བས་ལེགས་པར་བསྒྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཏིང་ཡེ་ཤན་གྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་དམངས་རྣམས་སེམས་མཐུན་སྟོབས་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་ངང་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་མཉམ་དུ་སྐུལ་གཏོང་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སླར་གསོ་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་བས་ཀྲུང་གོའི་སྟོབས་ཤུགས་དང་། ཀྲུང་གོའི་སྙིང་སྟོབས། ཀྲུང་གོའི་ནུས་ཕྱོད་བཅས་མངོན་པ་མ་ཟད། ཏང་གི་འགོ་ཁྲིད་ལམ་ལུགས་དང་། རྩ་འཛུགས་ཀྱི་སྐུལ་སློང་སྒྲིག་གཞི།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་བཅས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་པ་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁབ་ཀྱི་དོན་ཆེན་ལ་གདེང་ཚོད་ཡོད་པར་བྱས་ཏེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་སྒོ་ནས་ཕྱོགས་ཁག་གི་སྒྲིག་གཞི་དང་ལམ་སྲོལ་སྔར་བས་བྱང་ཆུབ་པ་དང་གཏན་འཁེལ་ཡོང་བའི་སྐུལ་འདེད་གཏོང་བ་མ་ཟད། བོད་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་ཏན་ཏིག་ངང་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས་པ་རེད།

ཏིང་ཡེ་ཤན་གྱིས་རིམ་ཁག་ཏང་གི་སློབ་གྲྭས(སྲིད་འཛིན་སློབ་གླིང)རང་འགུལ་ངང“ཏང་གི་སློབ་གྲྭའི་ངོ་བོ་ཏང་ཡིན་པའི”འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་སློབ(སྲིད་འཛིན་སློབ་གླིང)ཀྱི་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་སློབ་གཉེར་སློབ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཏང་གི་དར་ཆ་དེ་དུས་ནམ་ཡང་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)བར་སྣང་དུ་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས་པ་དང་། “ལས་བྱེད་པ་གསོ་སྦྱོང”གི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཏང་ཡོན་ལས་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་ཁྱིམ་གཞིས་བསྲུངས་བ། དམིགས་ཡུལ་དང་འདུ་ཤེས་བློ་ལ་བརྟན་པོར་ངེས་པ། རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་གོང་མཐོར་གཏོང་བ་བཅས་ཡོང་རོགས་བྱེད་དགོས་པ། “བསམ་བློའི་ཁྲིད་སྟོན”གྱི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་སྒྲོག་འགྲེལ་དང་ཕྱོགས་ཡོངས་ནས་གསལ་འགྲེལ་བྱེད་པའི་ལས་སྟེགས་གཏོད་དགོས་པ། “རིགས་པའི་གཞུང་ལུགས་སྲོལ་གཏོད”ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གནད་དོན་དང་། ལག་ལེན། དགོས་མཁོ་བཅས་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་དགོས། “ཐབས་ཇུས་ཀྱི་བློ་འདྲིའི”འགན་འཁྲི་དང་ལས་འགན་ཕྲག་ཐོག་ཏུ་འཁུར་ནས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་ཐབས་འདོན་ཇུས་འདོན་ཧུར་ཐག་བྱས་ཏེ་ཏང་གི་སློབ་གྲྭ་འདི་ཉིད་བསམ་ཕྱོགས་ལྡན་པ་དང་། གྲུབ་འབྲས་ཐོན་པ། ཤེས་ལྡན་པ་ཐོན་པ་བཅས་ཀྱི་རིག་མཛོད་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་བ་རེད།

(བདེ་སྐྱིད་སྒྲོལ་དཀར་གྱིས་བསྒྱུར། བདེ་སྒྲོལ་དང་བསོད་དཔའ་ཡིས་ཞུས)