《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

སློབ་ཆེན་སློབ་མས་ཐད་གཏོང་བརྒྱུད་ཡུལ་མི་ཚོར་ཚ་ལུ་མ་འཚོང་རོགས་བྱེད་པ།

← སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཐང་རྫོང་ཀྲོའུ་ཅ་གྲོང་རྡལ་དབྱང་ཧོ་ཁྲོམ་གཞུང་སྡེ་ཁུལ་དུ་སྡོད་མཁན་ཞའོ་ཆིང་རེན་ནི་ཤིས་ཧྭ་སློབ་ཆེན་ལུས་རྩལ་སློབ་གླིང་གི་སློབ་ཆེན་ལོ་རིམ་བཞི་པའི་སློབ་མ་ཞིག་ཡིན་པ་དང་། ཉེ་དུས་རིམས་ནད་ཀྱི་ཤུགས་རྐྱེན་ལས་ཁོང་གི་ཕ་ཡུལ་གྱི་ཚ་ལུ་མ་འཚོང་མི་ཐུབ་པར་ལུས། ཁོང་གིས་ཐད་གཏོང་གི་ལས་སྟེགས་བརྒྱུད་ཚ་ལུ་མ་ཚབ་ཚོང་ཚོད་ལྟ་བྱ་རྒྱུའི་ཐག་བཅད། ཐད་གཏོང་བརྒྱུད་དྲ་གྲོགས་དང་ཕན་ཚུན་སྤེལ་རེས་བྱས་རྗེས་དུས་ཡུན་ཉིན་བཅུ་གྲངས་ནང་ཚ་ལུ་མ་རྒྱ་མ་18000ལྷག་ཙམ་བཙོངས་པ་དང་མང་ཤོས་སྐབས་ཉིན་གཅིག་ལ་མངགས་ཐོ་1300ལྷག་ཙམ་ཟིན་གྱི་ཡོད། དྲ་གྲོགས་ཚོས་ཀྱང་ཞའོ་ཆིང་རེན་ལ་གཅེན་པོ་ཚ་ལུ་མ་ཚོང་མཁན་ཞེས་འབོད་ཀྱི་ཡོད། འདི་ནི་ཞའོ་ཆིང་རེན(གཡས)དང་ཁོང་གི་ཨ་ཁུས་ཁྲེང་ཏུའུ་ཅིན་ཐང་རྫོང་ཀྲོའུ་ཅ་གྲོང་རྡལ་དབྱང་ཧོ་ཁྲོམ་གཞུང་སྡེ་ཁུལ་གྱི་ཤིང་འབྲས་ར་བའི་ནང་ཚ་ལུ་མ་འཐུ་བཞིན་པ།