《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས“དམག་བཀའ་འཁུར་ལེན་ཞུ་ཡིག”འཁྱེར་བ་དང་། དུས་ཚོད་ལྡོག་རྩིས་རྒྱག་པ།“དམག་རྒྱག་ཐབས་ཇུས”ལ་གཞིགས་པ། “འགན་འཁྲིའི་ཡི་གེ”སེམས་ལ་འཆང་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་ཧུར་ཐག་གཏོང་བ་དང་འགག་སྒྲོལ་ཏན་ཏིག་བྱས་ཏེ། དབུལ་སྒྲོལ་གྱི་ཁ་ཕྱོགས་ནོར་འཛོལ་མེད་པ་དང་། བྱ་སྤྱོད་ལ་ཧེ་བག་མེད་པ། ཕན་འབྲས་ཡོངས་སུ་ཐོན་པ་བཅས་བྱས་ཡོད།

ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་གིས་འབད་པ་ལྷོད་མེད་བྱེད་པ། སྣང་རྫོང་གྲོང་གདའ་གྲོང་རྡལ་གྱིས་དབུལ་སྒྲོལ་འགག་སྒྲོལ་དེ“ཧྲུའུ་ཅིའི་འདུ་འགོད”ལ་གཏན་འཁེལ་བྱས་པ་དང་། གྲོང་རྡལ་དང་གྲོང་ཚོ་རིམ་གཉིས་ཀྱི་ཧྲུའུ་ཅིས་འགན་འཁྲི་ཚང་མ་ཁུར་བའི་གནད་སྨིན་དབུལ་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་གྱི་ལམ་སྲོལ་བཙུགས་པ། “456”གི་ལས་ཀའི་བྱ་ཐབས་གསར་གཏོད་བྱས་ནས་ཁྱབ་གདལ་བཏང་བ་བཅས་བྱས་ཡོད།

གནད་སྨིན་དབྱེ་འབྱེད་དང་གནད་སྨིན་རོགས་སྐྱོར་བྱེད་པ། དུད་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་བྱེད་རིང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་རྒྱུར་མཐོང་ཆེན་བྱེད་པ་དང་། “བྱ་ཐབས་ཁག་དྲུག”སྟེ་རེ་ཞུ་གཅིག་དང་། གྲོས་མོལ་གཉིས། ཞིབ་བཤེར་གཅིག བསྡུར་བ་གཅིག སྤྱི་བསྒྲགས་གསུམ། རྫོང(ཆུས)གི་ཞིབ་བཤེར་གཏན་འབེབས་དང་དབྱེ་འབྱེད་ཀྱི་བརྒྱུད་རིམ་བཅས་ལག་བསྟར་ནན་པོ་བྱས་པ་དང་། གནད་སྨིན་དབྱེ་འབྱེད་ཀྱི“ཕྱི་གསལ་ནང་གསལ་གྱི་འདུ་འགོད”གནད་སྨིན་དབྱེ་འབྱེད་བྱས་པ། དུད་ཚང་དབུལ་པོའི་གཞི་རྩའི་ཆ་འཕྲིན་གསལ་རྟོགས་བྱེད་པ་དང“དུད་ཚང་རེར་ཡིག་ཚགས་རེ”དང“གྲོང་ཚོ་རེར་ལག་དེབ་རེའི”བླང་བྱར་གཞིགས་ནས་རིགས་དབྱེའི་ཡིག་ཚགས་བཟོས་པས་དུད་ཚང་ཚང་མར་ཡིག་ཚགས་ཡོད་པ་དང་། གྲོང་ཚོ་ཚང་མར་ལག་དེབ་ཡོད་པ། གྲོང་རྡལ་ཚང་མར་གྲངས་གཞིའི་མཛོད་ཡོད་པ་བཅས་བྱུང་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི“གསལ་བསྒྲགས་བྱང་བུ”བཟོས་པར་ལས་ཀ་དང་ལས་འགན་ཚང་མ་ཁ་གསལ་གཏིང་གསལ་བྱུང་བ་དང་དུད་ཚང་དབུལ་པོའི་ཆ་འཕྲིན་གསལ་ཐག་ཆོད་མཐོང་ཐུབ་པ་བྱས་ཡོད། དབུལ་སྐྱོར་དང་དབུལ་སྒྲོལ་གྱི་ཆ་འཕྲིན་མ་ལག་ལ་གནད་སྨིན་དོ་དམ་བྱས་པ་དང་དུད་ཚང་དབུལ་པོའི་གཞི་རྩའི་གནས་ཚུལ་དང་ཁྱིམ་ཚང་གི་གནས་ཚུལ་དུས་ཐོག་ཏུ་གསར་བརྗེས་བྱས་པས་གནད་སྨིན་རོགས་སྐྱོར་དང་ཆ་འཕྲིན་དོ་དམ་གཅིག་མཐུན་བྱུང་ཡོད།

བྱ་ཐབས་སྣ་མང་སྤྱད་པ་དང་དམ་འཛིན་ཚཌ་ཚུད་བྱེད་པ། དབུལ་པོ་བསྐྱར་ལོག་དང་དབུལ་པོ་ཉུང་གཏོང་གི་ལྟ་ཞིབ་ཚད་ཆེན་ལམ་སྲོལ་བཙུཌ་པ་དང་། གྲོང་རྡལ་ཡོངས་ཀྱི་མཐའ་ལ་ལུས་པའི་དུད་ཚང་དང་། འཚོ་བར་དཀའ་ངལ་ཡོད་པའི་དུད་ཚང་། དབུལ་སྒྲོལ་དུད་ཚང་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་པ་དང་། ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཡོད་པའི་མཐའ་ལུས་དུད་ཚང་ལ་ཐོན་ལས་ཀྱི་ཁྲིད་སྟོན་དང་། རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བཤའ། “བཞི་གཏད་གཅིག”གི་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རང་ངོས་ཀྱི་ནུས་པ་ཆེ་རུ་བཏང་ཡོད། དཔྱད་གཞི་དང་བསྡུར་བའི་བྱ་ཐབས་སྤྱད་དེ་ཞིང་འབྲོག་པ་མང་ཚོགས་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ཡོད།