《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས།

བཅའ་ཁྲིམས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་གཞོན་ནུ་ལོ་ཆུང་དང་བླངས་ཞབས་ཞུའི་རུ་ཁག་དང་། ཤང་དང་གྲོང་རྡལ་ཁག ཁྲོམ་གཞུང་ཏང་རྩ་འཛུགས་ལས་དོན་ཨུ་ལྷན་བཅས་སྒྲིག་འཛུགས་བྱས་ཏེ། སློབ་ཆུང་ཁག་དང་སྣེ་གདོང་སློབ་འབྲིང་དུ“ལང་ཚོ་དང་བཅའ་ཁྲིམས”ཞེས་པའི་བཅའ་ཁྲིམས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་རིང་འབྲེལ་ཡོད་འགན་ཁུར་བས་སློབ་མ་ཚོར《རྩ་ཁྲིམས》དང《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》 《འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱ་འཆད་འགྲེལ་བྱས་པ་དང་ཆབས་ཅིག འཕྲེད་འགེལ་ཡི་གེ་བཀལ་བ་དང་། རང་ངོས་སྲུང་སྐྱོང་སློབ་གསོའི་ལག་དེབ་སྤྲོད་པ། ས་གནས་ས་ཐོག་ཏུ་དྲི་བར་ལན་འདེབས་པ་སོགས་ཀྱི་ཐབས་ལམ་བརྒྱུད། ལས་དོན་མི་སྣས་སློབ་མ་ཚོར་གཞོན་ནུ་ལོ་ཆུང་གི་རིམས་ནད་སྔོན་འགོག་ཤེས་བྱ་དང་གཞོན་ནུ་ལོ་ཆུང་གི་རང་ངོས་སྲུང་སྐྱོང་གི་སློབ་གསོའི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིའི་ཁྲོད་བཅའ་ཁྲིམས་སློབ་སྦྱོང་དང་། བཅའ་ཁྲིམས་ཤེས་པ། བཅའ་ཁྲིམས་སྲུང་སྐྱོང་། བཅའ་ཁྲིམས་སྤྱོད་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱས་པ་རེད།