《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

ནག་ཆུ་གྲོང་ཁྱེར་གྱི་ཐོན་ལས་དབུལ་སྐྱོར་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ།

འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ནག་ཆུ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་འཛུཌ་སྐྲུན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ། ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ། དབུལ་སྐྱོར་གསར་སྤེལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་པས། ཐོན་ལས་དབུལ་སྐྱོར་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཞིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁག་431ལག་བསྟར་བྱེད་རྩིས་ཡོད་པའི་ནང་ནས་རྣམ་གྲངས་ཁག་377ལས་མཇུག་འགྲིལ་བ་དང་། “བོཌ་དངུལ་དང་། གླ་དངུལ། གླ་ཆ། རྐང་དངུལ”བཅས་བཞིའི་ཁེ་ཕན་ཟུང་འབྲེལ་ལམ་སྲོལ་བརྒྱུད། སྤྱོད་འགོ་ཚུཌ་པའི་རྣམ་གྲངས་ཁག་338ལས་དབུལ་སྐྱོར་ཕན་འབྲས་སྒོར་དུང་ཕྱུར་3.41བྱུང་བ་དང་ཕན་པ་ཐོབ་མཁན་མི་ཐེངས་ཁྲི་22.88ཟིན་ཡོད་པ་རེད།

ནག་ཆུ་གྲོང་ཁྱེར་གྱིས“ཕྱོགས་གཉིས་ཀར་དམ་འཛིན་དང་། བར་ལ་སྐུལ་འདེད་གཏོང་བ”དང་། “མུའུ་ཁྲི་ཕྱུགས་སྟོང”“ཤང་རེར་མཉམ་ལས་ཚོགས་པ་རེ་དང་གྲོང་ཚོ་རེར་མཉམ་ལས་ཁང་རེ”སོགས་ཀྱི་བྱ་ཐབས་ལག་ལེན་ཤུགས་ཆེན་བསྟར་ཏེ་འབྲོག་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་འབྲེལ། འཛད་སྤྱོད་དབུལ་སྐྱོར་བྱ་སྤྱོད་ཧུར་ཐག་སྤེལ་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་། མཉམ་ལས་རྩ་འཛུགས། དུད་ཚང་དབུལ་པོས་ཐོན་སྐྱེད་བྱས་པའི་ཞིང་འབྲོག་ཐོན་རྫས། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། ཡུལ་སྐོར་ཐོན་རྫས་སོགས་ལ་བསྡོམས་རྩིས་དང་གྲལ་བཤེར་བྱས་ཏེ་དབུལ་སྐྱོར་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་དང་བྲིན་འཚོང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱིས་བཙུགས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་1540གྱིས་ཞིང་འབྲོག་པ་དུད་ཚང་ཁྲི་7.35ཡི་མི་ཁྲི་32.29ལ་སྐུལ་ཁྲིད་ཐུབ་ཡོད། 2019ལོར། ནག་ཆུ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་200སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.9བྱུང་བ་དང་། ཞིང་འབྲོག་པ6448གྲོང་གསེབ་ཡུལ་སྐོར་ཞབས་ཞུའི་ནང་ཞུགས་ནས་ཡོང་འབབ་སྒོར་ཁྲི་9306.82བྱུང་ཡོད་པ་རེད།