《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月07日

མི་རིགས་ལས་དོན་བཅོས་སྐྱོང་འཁོར་སྐྱོད་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

—— རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཀྲོའུ་དབྱི་ཧྥུང་ལ་བཅར་འདྲི་ཞུས་པ།

2020ལོའི་ཟླ1ཚེས་11ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལ་འཐུས་མིའི་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། འདི་ནི་བོད་རང་སྐྱོང་ལྗོངས་ངོས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བྱ་གཞག་ཐད་བཏོན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཞིག་ཡིན། དེས་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་ཁྲིམས་འཛུགས་མ་ལག་གི་སྟོང་ཆ་གསབ་ཡོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) 《སྲོལ་ཡིག》བཏོན་པར་དོན་སྙིང་གང་ཞིག་ལྡན་ཡོད་པ་དང་། དེར་མངོན་གསལ་དོད་པའི་ཁྱད་ཆོས་གང་དག་ཡོད་པ། ཇི་ལྟར་བྱས་ནས་ལག་བསྟར་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་གནད་དོན་ཐད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་ཀྲོའུ་དབྱི་ཧྥུང་གིས་གསལ་འགྲེལ་གནང་བ་གཤམ་གསལ་སྟེ།

“མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། 《སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱེད་པ་དེ་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་མི་རིགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་གྲུབ་འབྲས་གལ་ཆེན་ཞིག་རེད། དེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་ནས་གཏན་ལ་ཕབ་པ་དང་ཡུན་རིང་མཐའ་འཁྱོངས་བྱེད་པ་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྔར་བས་སྐུལ་སློང་བྱས་ཏེ‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ་དང་། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུའི་ཐོག་སྐྱོད་པ། མི་རིགས་ཁག་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས་བཅས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་མཐུན་སྒྲིལ་འབད་འབུངས་བཅས་བྱེད་པར་ཕན་པ་ཡོད”ཅེས་ཀྲོའུ་དབྱི་ཧྥུང་གིས་གསུངས་པ་རེད།

ཀྲོའུ་དབྱི་ཧྥུང་གིས་ངོས་འཛིན་གནང་དོན། 《སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱེད་པ་དེས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སྔར་བས་ཟབ་ཏུ་གཏོང་བ་དང་། གཉེན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་འདུ་ཤེས་དོན་གཉེར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བ་བཅས་ལ་ཕན་པ་ཡོད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན། 《སྲོལ་ཡིག》བཟོས་པ་དང་བཏོན་པ་དེས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་འབད་འཐབ་ཀྱི་དམིགས་ཚད་དུ་བརྩི་བ་དང་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་པ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས། 《སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱེད་པ་དེས་མི་རིགས་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་ནུས་ལྡན་ཡོང་བར་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱེད་པ་དང་། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་ཁྲིམས་སྐྱོང་གི་རྨང་གཞི་བཏིང་བ། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཡུན་རིང་བདེ་འཁོད་འགན་ལེན་བཅས་ལ་བྱ་ཐབས་ནུས་ལྡན་མཁོ་འདོན་བྱས་པ། ཁྲིམས་སྐྱོང་གི་ལམ་བུའི་ཐོག་མི་རིགས་ལས་དོན་བཅོས་སྐྱོང་ལ་འགན་ལེན་ཐུབ་ཡོད། རང་ལྗོངས་ཀྱི་མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་མཐའ་འཁྱོངས་བྱེད་པ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་གཞི་རྩའི་མཛད་ཇུས་ལག་བསྟར་དོན་འཁྱོལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རང་རྒྱལ་གྱིས་རྩ་ཁྲིམས་དེ་རྩ་བའི་བཅའ་ཁྲིམས་སུ་འཛིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་གཙོ་རྐང་དུ་འཛིན་པ། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་དང་སྲོལ་ཡིག་རྐྱང་པ་ཚུད་པའི་མི་རིགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་ཞིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་ཞིག་བཅས་རེད།

《སྲོལ་ཡིག》ལ་ཁྱད་ཆོས་གང་དག་ཡོད་མིན་སྐོར་གླེང་སྐབས་ཀྲོའུ་དབྱི་ཧྥུང་གིས། སྲོལ་ཡིག་ལ་དོན་ཚན་8དང་ནང་གསེས་48ཡོད་ཅིང་། “དཔེ་བཟང་ཁུལ་འཛུགས་གཏོད”ངེས་གནས་སུ་བཟུང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རྩེ་རིམ་ཇུས་འགོད་བརྒྱུད་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཁྲོད་ཀྱི་ལྐོག་གྱུར་དོན་ཚན་དག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་ཅིང་ཕྲ་བའི་ལས་ཀའི་ལམ་སྲོལ་དང་ལས་ཀའི་བྱ་ཐབས་ལ་ཞིབ་ཚགས་སུ་བཏང་བས་དུས་རབས་ཀྱི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་མངོན་ཐུབ་ཅེས་གསུངས་པ་རེད།

དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ནན་པོ་བཅས་ཇི་ལྟར་བྱེད་དགོས་པའི་ཐད་ཀྲོའུ་དབྱི་ཧྥུང་གིས། ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་ཨུ་ལྷན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལས་དོན་དེ་2020ལོའི་གཙོ་གནད་ལས་དོན་ནང་བཅུག་ནས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྟེ། གཅིག་ནས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། གཉིས་ནས་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་བཞིན་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། གསུམ་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྲོལ་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། 《སྲོལ་ཡིག》ལག་བསྟར་བྱས་རྗེས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་འགལ་བའི་བྱེད་སྤྱོད་རིགས། སྲོལ་ཡིག་ནང་གི་བཅའ་ཁྲིམས་འགན་འཁྲིའི་སྐོར་གྱི་གཏན་འབེབས་ལྟར་འབྲེལ་ཡོད་ཀྱི་སྡེ་ཚན་གྱིས་ཞིབ་ཕྲའི་གནས་ཚུལ་གཞིར་བཟུང་འགན་འཁྲི་རྩད་གཅོད་བྱེད་དགོས་ཅེས་ངོ་སྤྲོད་གནང་བ་རེད།