《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月06日

“སྟོད་གཞས་ཤང”གི་དབུལ་སྒྲོལ་ལམ་བུ།

2016ལོའི་ཚུན་དུ། ལྷ་རྩེ་རྫོང་གིས་རྫོང་ཡོངས་ཀྱི་སྟོབས་ཤུགས་དང་བློ་གྲོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ལོ་བཞིའི་རིང་དབུལ་སྐྱོར་ལས་ལ་འབད་འབུངས་ཧུར་ཐག་བྱས་པ་བརྒྱུད། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། དུད་ཚང་3045ཡི་མི་12702དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་98དབུལ་སྒྲོལ་ཐུབ་སྟེ། དབུལ་པོར་ཆགས་ཚད་28.54%ནས་0.33%བར་ཆཌ་ནས། 2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞི་བརྟན་དུ་ཕྱིན་ཡོད།

དབུལ་སྐྱོར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པ།

ལྷ་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“རྟེན་གཞི+གསོ་ཚགས་ཡན་ལག་ཁང+ཞིང་དུད”ཀྱི་གསོ་ཚགས་བྱ་ཐབས་གསར་དུ་བཏོད་ཅིང་། བོད་བྱ་གསོ་ཚགས་རྟེན་གཞིས་སྒོང་སྙོལ་བ་དང་བྱ་ཕྲུག་གསོ་བའི་ལས་འགན་འཁུར་བ་དང་། གསོ་ཚགས་ཡན་ལག་ཁང་གིས་བྱ་ཁྱུ་གསོ་ཚགས་དང་བོད་བྱའི་སྒོ་ང་བསྡུ་བའི་ལས་འགན་འཁུར་བ། ཞིང་དུད་ཀྱིས་མ་རྐང་ནང་ཞུགས་པའི་བྱ་ཐབས་སྤྱད་ནས་ཐར་ཐོར་དུ་གསོ་ཚགས་བྱེད་པའི་བྱ་དག་བོད་བྱ་མཉམ་ལས་ཁང་དུ་གཅིག་སྡུད་གསོ་ཚགས་བྱེད་པར་སྐྱེལ་བ་བཅས་བྱས་པས་གསོ་ཚགས་ཐར་ཐོར་དུད་ཚང་གི་ཉེན་ཁ་ཆུང་དུ་ཕྱིན་པ་དང་། ཐར་ཐོར་གསོ་ཚགས་ནས་ཕྱིར་ཚོང་བྱེད་པའི་བར་གྱི“མགོ་མཇུག་གཙང་སྒྲུབ”ཀྱི་གཉེར་སྐྱོང་དོ་དམ་བྱ་ཐབས་ཆགས་ལ། དུད་ཚང་དབུལ་པོའང་བལྟས་ནས་སྡོད་པ་ནས་མཉམ་དུ་ལས་ཀ་བྱེད་མཁན་དང་རང་འགུལ་ངང་ལས་ཀ་བྱེད་མཁན་དུ་གྱུར་ཏེ། གཉིས་ཁེ་གཉིས་ཕན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད།

མིག་སྔར། ལྷ་རྩེ་རྫོང་གིས་རྣམ་གྲངས་ཁག་16ལག་ལེན་བསྟར་བཞིན་ཡོད་ཅིང་། བོད་བྱ་གསོ་ཚགས་སྐྱོང་གསོ་ལྟེ་གནས་དང་། ཚོང་སྒྱུར་ཨར་འདམ་གཡོ་ས། མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་ཚད་ཡོད་ཀུང་སི། ཇོ་མོ་གླང་མའི་ཨ་མ་རྒན་མོའི་མི་རིགས་ལག་ཤེས་ལས་སྣོན་ཚད་ཡོད་ཀུང་སི། ཇོ་མོ་གླང་མའི་ལྗང་མདོག་བཟའ་བཅའ་ལས་སྣོན་ཚད་ཡོད་ཀུང་སི་སོགས་ཁེ་ལས་མང་པོ་ཞིག་ལྷ་རྩེ་རྫོང་དུ་གཞིས་ཆགས་པ་རེད། ཁེ་ལས་དེ་དག་གིས་མི་300ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་ཅིང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་166ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1042ལ་སྐུལ་ཁྲིད་ཐུབ་པ་རེད། རིམ་རྩིས་ལྟར་ན། ཁེ་སྤོགས་སྒོར་ཁྲི་110.34བགོ་བཤའ་བརྒྱབ་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་1000ལྷག་ཙམ་བྱུང་ཡོད།

གནས་སྤོ་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་འགོ་ཚུགས་པ།

“ཡུལ་ཕྱོགས་ཤིག་གི་ཐོན་ཁུངས་ཀྱིས་ཡུལ་ཕྱོགས་དེ་གའི་མིའི་འཚོ་བ་འཕྱིད་དཀའ་བའི”མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད། ལྷ་རྩེ་རྫོང་གིས་ཡུལ་གཞན་དུ་གནས་སྤོ་དང“གཞིས་རྩེའི་ལྟེ་བ་ཕལ་པ”འཛུགས་སྐྲུན། མ་པ་གསར་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཚོད་ལྟར་སྐུལ་འདེད་གཏོང་བ་བཅས་ལྷན་དུ་སྦྲེལ་ཞིང་། རང་བྱུང་ཆ་རྐྱེན་ཡག་པ་དང་། ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་བ། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་སོགས་ཀྱི་ལེགས་ཆར་གཙོ་གནད་ཐོག་གཞིགས་ནས། རྫོང་གྲོང་དང་གྲོང་གསེབ་ཀྱི་བཀོད་སྒྲིག་ཁུལ་ཆེན་པོ་གཉིས་གཏན་འཁེལ་བྱས་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྫོང་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དུད་ཚང་ཁྱོན་4925ཟིན་པ་དང་སྡོད་ཚད་100%ཟིན་ཡོད།

“རིག་གནས”ལ་བརྟེན་ནས་མང་ཚོགས་འབབ་འཕར་ཡོང་བར་བྱས་པ།

ལྷ་རྩེའི་སྟོད་གཞས་གནའ་སྔ་མོ་ནས་བཟུང་བོད་ཀྱི་ཡུལ་ལུང་གང་སར་སྐད་གྲགས་ཆོད་པ་དང་། དེར་ལོ་ངོ་ཆིག་སྟོང་ཙམ་གྱི་ལོ་རྒྱུས་ལྡན་ལ“སྟོད་གཞས”རིག་གནས་སྒྱུ་རྩལ་གྱི་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད།

2017ལོ་ནས་བཟུང་། ལྷ་རྩེ་རྫོང་གིས་འཁྲབ་སྟོན་ཆེ་མོ་དང་། རྐང་འཁོར་བཞོན་ནས་འགྲོ་བ། ཚོང་དོན་སྤེལ་རེས། རིག་གནས་བགྲོ་གླེང་བཅས་ནང་དོན་དུ་བྱས་པའི“བོད་ཀྱི་སྟོད་གཞས་ཤང་གི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་རྐང་འཁོར་བཞོན་ནས་འགྲོ་བའི་བྱེད་སྒོ”དངོས་སུ་སྤེལ་བ་དང་ཆབས་ཅིག བོད་ལྗོངས་སྟོད་གཞས་ཤང་གི་རིག་གནས་ཡུལ་སྐོར་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས། ལྗོངས་ཡོངས་ཙམ་མ་ཟད། ཐ་ན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“བོད་ཀྱི་སྟོད་གཞས། ལྷ་རྩེའི་སྟོད་གཞས་ཡོད”ཞེས་པའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་རྟགས་བཏོད་ཡོད།

མིག་སྔར། བོད་ཀྱི་སྟོད་གཞས་ཤང་གི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་རྐང་འཁོར་བཞོན་ནས་འགྲོ་བའི་བྱེད་སྒོ་སྐབས་གསུམ་གཉེར་བ་དང་། རིམ་རྩིས་ལྟར་ན། བྱེད་སྒོ་སྤེལ་རིང་ཚོང་དོན་བསྡོམས་འབོར་སྒོར་ཁྲི་1500ལྷག་ཙམ་ཟིན་ཡོད། དེ་དང་དུས་མཚུངས་དམངས་ཁྲོད་སྒྱུ་རྩལ་ཚོཌ་པ་ཧུར་ཐག་བཙུཌ་ནས་སྟོད་གཞས་རྒྱུན་འཛིན་པ་386གསོ་སྐྱོང་བྱས་པ་དང་། ད་ཆ་མང་ཚོཌ་542སྟོད་གཞས་རིག་གནས་སྒྱུ་རྩལ་ཆེད་མངཌ་འཁྲབ་སྟོན་པར་གྱུར་ལ། མང་ཚོགས་རྣམས་སྟོད་གཞས་སྒྱུ་རྩལ་ལ་བརྟེན་ནས་འབབ་འཕར་ཐུབ་ཡོད་པ་རེད།

(པ་ཚེས་བསྒྱུར། པ་དཀོན་གྱིས་ཞུས)