《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月05日

ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས།

གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་རམ་འདེགས་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། 2019ལོ་ཤར་ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མི་དང་གཤམ་སྐྱོད་ལས་བྱེད་པ་སོགས་སྟོབས་ཤུགས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། དབུལ་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་ཐོག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་རམ་འདེགས་ཤུགས་ཆེན་བྱས་པ་རེད།

ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བའི་གཙོ་གནད་དུ་བརྩི་བ་དང་། གྲོང་ཚོ“ཨུ་ལྷན་གཉིས”ལ་གཞོགས་འདེགས་ཧུར་ཐག་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ལ་སློབ་སྦྱོང་གི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། ཞབས་ཞུའི་ནུས་པ། སྣེ་འདྲེན་གྱི་ནུས་པ། འཐབ་ནུས་བཅས་ཆེ་རུ་གཏོང་རོགས་བྱས་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བར་གཞོགས་འདེགས་བྱེད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་ལ་བྱེད་སྒོ་ཁང་གི་བྱེད་ནུས་དང་སྒྲིག་བཀོད་ལེགས་སུ་གཏོང་རོགས་བྱས་ནས། གྲོང་ཚོ(གྲོང་ལྷན)རྩ་འཛུགས་ཀྱི་བྱེད་སྒོ་ཁང་གི་ཆབ་སྲིད་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ཡོད། གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི“མཁྲེགས་ཆས”དང“མཉེན་ཆས”འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས། གྲོང་ཚོ་རིམ་པའི་དམངས་གཙོའི་ཐབས་ཇུས་གོ་རིམ་ཅན་དང་རྒྱུན་གཏན་ཅན་དུ་སྔར་བས་a འགྱུར་བ་བྱས་ཡོད། གྲོང་ཚོ་རིམ་པའི་དོན་ཆེན་ཐ་དག“གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”བྱེད་ཐུབ་པ་བྱས་ནས། ཏང་དོན་དང་། སྲིད་དོན། གྲོང་དོན་བཅས་ཡོངས་བསྒྲགས་ཏན་ཏིག་བྱས་ཡོད།

ལྷ་ས་གྲོང་ཁྱེར་གྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས“རིགས་དབྱེའི་མཛུབ་ཁྲིད་དང་། གྲོང་ཚོར་བསྟུན་ནས་ཐབས་ཇུས་འདོན་པ། ཁྲོམ་རས་གཙོ་ཁྲིད་བྱེད་པའི”བསམ་ཕྱོགས་གཞིར་བཟུང་། བསམ་བློར་བཅིངས་འགྲོལ་སྔར་བས་གཏོང་བ་དང་། འཕེལ་རྒྱས་གཏོང་ཕྱོགས་ལ་འགྱུར་ལྡོག་མགྱོགས་མྱུར་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་མཉམ་སྡེབ་དཔལ་འབྱོར་ཐད་ཀྱི་སྲིད་ཇུས་དང་། མ་དངུལ། རྣམ་གྲངས་བཅས་ཀྱི་རོགས་སྐྱོར་བེད་སྤྱོད་གང་ལེགས་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་རེད། རྟ་དཀར་ཤང་གསུམ་ལྡན་གྲོང་ཚོར་བཅའ་སྡོད་ཆུ་ཤུར་རྫོང་གི་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ལ་ཆུ་ཤུར་གསུམ་ལྡན་ས་གཙང་ཐོན་ཟོག་གསར་སྤེལ་ཚད་ཡོད་ཀུང་སི་འཛུགས་རོགས་བྱས་ནས། ཆུ་ཤུར་གྱི“གསུམ་ལྡན”སྤུས་རྟགས་བཏོད་པ་དང“གསུམ་ལྡན་གྲོང་ཚོ”རྟགས་ཅན་གྱི་བོད་བྱའི་སྒོ་ང་འཛད་སྤྱོད་པས་དགའ་པོ་བྱེད་པའི་སྤུས་རྟགས་ཐོན་ཟོག་ཏུ་གྱུར་པ་རེད།