《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年05月05日

རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་སྣ་ཚོཌ་སྤེལ་ཏེ“ལྔ་བཞིའི”ལས་འགུལ་ལ་རྟེན་འབྲེལ་ཞུས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། འདི་ལོ་ནི་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་101འཁོར་བའི་ལོ་ཞིག་རེད། ཉེ་ཆར། རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། ཕུགས་འདུན་དང་འབད་འཐབ་ཀྱིས་ལང་ཚོར་གཟི་མདངས་སྣོན་པ་དང་། བྱ་སྤྱོད་སྤེལ་ནུས་པ་དང་འགན་འཁྲི་འཁུར་ཕོད་པའི་ངང་ལེའུ་ཡག་ཤོས་བརྩམས་ཡོད།

ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ལས་ཁུངས་ཀྱི་གཞོན་ནུ་དང་བླངས་པའི་ཞབས་ཞུ་རུ་ཁག་བོད་ལྗོངས་ལྷ་སར་བཙུགས་པ་རེད། བོད་ལྗོངས་ཁྲལ་དོན་ཁོངས་གཏོགས་ཀྱི་ན་གཞོན་ལས་བྱེད་པ་མང་ཆེ་བས་གཞི་རིམ་གྱི་འཐབ་ས་དང་པོར་ལས་ཀ་བྱེད་ཀྱི་ཡོད་ལ། ཏོག་གསར་གློ་ཚད་ཐོན་པ་ནས་བཟུང་རྒྱ་ཆེའི་ཁྲལ་དོན་གྱི་ན་གཞོན་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་རྒྱབ་སྐྱོར་བྱེད་པ། ཁྲལ་བསྡུ་དབྱེ་ཞིབ་སོགས་ཀྱི་ཐད་ལ་ནུས་ཤུགས་གང་ཡོད་འདོན་པ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་གངས་ལྗོངས་ས་མཐོའི་ཁྲལ་དོན་ལས་བྱེད་པའི་ཉམས་འགྱུར་ཡག་པོ་མངོན་པར་བྱས་ཡོད།

ཉེ་ཆར། ཀྲུང་གོ་ལྕགས་ལམ་གློག་རླངས་ཅན་ཅུས་ལྷ་ཉིང་ལྕགས་ལམ་གློག་རླངས་ཅན་གྱི་ལས་གྲྭ་བཞི་པའི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གིས་ཉིང་ཁྲི་ནས་སྨན་གླིང་བར་གྱི་གཞོན་ནུའི་ངལ་རྩོལ་འགྲན་བསྡུར་སྤེལ་ཞིང་། འཕྲལ་སྒྲུབ་རུ་ཁག་གིས་ལྷ་ཉིང་ལྕགས་ལམ་སྐྲུན་འགོ་ཚུགས་པ་ནས་བཟུང“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་ས་བབ་མཐོ་ཡང་ཉམས་འགྱུར་དེ་བས་ཡག་པའི”ས་མཐོའི་གློག་རླངས་ཅན་ལྕགས་ལམ་འཛུགས་སྐྲུན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་ལྷ་ཉིང་ལྕགས་ལམ་གྱི་དུམ་བུ་རེ་རེར་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱས་ཡོད།

ཉིན་ཤས་གོང་ལྗོངས་སྣོད་བཅུད་ཁོར་ཡུག་ཐིང་གིས“ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་དམག་དཔུང་ཧྲག་པོ་གཏོད་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་སྤེལ་ཞིང་། ཐིང་ལས་ཁུངས་དང་ཐིང་ཁོངས་གཏོགས་ཀྱི་བྱ་གཞག་ཚན་པའི་བདམས་ཐོན་པ་ཁྱོན་13འགྲན་བསྡུར་ནང་ཞུགས་པ་དང་། ཐིང་ལས་ཁུངས་ཀྱི་ཁྲུའུ་དང་ཁང་ཁག་དང་ཐད་གཏོགས་བྱ་གཞག་ཚན་པ་ཁག་གི་མི་100ལྷག་ཙམ་བྱེད་སྒོའི་ནང་ཞུགས་པ་རེད།

ཉེ་ཆར། བོད་ལྗོངས་གསོ་རིག་སློབ་ཆེན་དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་དགེ་སློབ་སྒྲིག་འཛུགས་བྱས་ཏེ“རིམས་ནད་ལ་འགོག་རྒོལ་གྱིས་ལང་ཚོའི་གཟི་བྱིན་མངོན། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྔ་བཞི་གཞོན་ནུའི་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

ཉིན་ཤས་གོང་ལྷ་ས་མཐའ་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག བོད་ལྗོངས་གྲོ་མོ་མཐའ་མཚམས་ནས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་བཅས་ཀྱིས་ལྔ་བཞི་གཞོན་ནུའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)