《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་2020ལོའི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་27ཉིན་གནས་ཚུལ་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་2020ལོའི་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས། 《ཀྲུང་གུང་ཀྲུང་དབྱང་གིས་བཀྲམ་པའི〈ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་སྙན་ཞུ〉བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་མ་ཟད། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་དབུལ་སྒྲོལ་འགག་སྒྲོལ་ལ་བརྟག་ཞིབ་དང་ལྟ་སྐུལ་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་ཡང་གསན་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་བསྟན་ཁོ་དང་། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་། དེ་བཞིན་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་ཀྲུའུ་ཞི་གཞོན་པ་བློ་བཟང་འགྱུར་མེད་དང་། བསོད་ནམས་རིག་འཛིན། ཝང་ཡ་ལིན། སྒྲོལ་དཀར། ལེ་ཀུའེ་ལུང་བཅས་ཚོགས་འདུར་ཕེབས་པ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་འཇིགས་ཡོན་དང་བཀྲ་ཤིས་ཟླ་བ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ཏིང་ཡེ་ཤན་གྱིས《སྙན་ཞུའི》ནང་བརྗོད་དོན་གཙོ་བོའི་སློབ་གསོའི་གཞི་རྩའི་གནས་ཚུལ་ལ་ཕྱིར་མིག་ནན་ཏན་བལྟས་ནས་བྱེད་སྟངས་དང་། ཁྱད་ཆོས། ཕན་འབྲས་གཙོ་བོ། ཉམས་མྱོང་དང་བློ་འབྱེད་བཅས་ཕྱོགས་སྡོམ་དང་ཞུན་བརྡར་བྱས་ཏེ། ལས་དོན་གྱི་བསམ་འཆར་བཏོན་པ་དེས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་དུས་རབས་གསར་པའི་བོད་ལྗོངས་ཀྱི་སྲིད་གྲོས་ཏང་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་པ་མ་ཟད། གཞི་འཛིན་སའང་མཁོ་འདོན་བྱས་ཡོད། ལྗོངས་སྲིད་གྲོས་ཀྱི“རིམ་གཉིས”ཏང་རྩ་འཛུགས་དང་ལྷག་པར་དུ་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས《སྙན་སྒྲོན》གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་པོ་བཅངས་བ་དང་འགན་འཁྲི་ཕྲག་ཏུ་འཁུར་ཐུབ་པ་བྱས་ཏེ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་གནང་བ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད། ཏིང་ཡེ་ཤན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོར་བརྩིས་ནས། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཁག་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་སྲིད་གཞུང་དང་ཁྲོམ་རའི་དབར་དང་། དུས་ཐུང་དང་ཡུན་རིང་དབར། ནང་རྐྱེན་དང་ཕྱི་རྐྱེན་དབར། མ་གནས་དང་ཕན་འབྲས་དབར། འགན་འཁྲི་དང་ནུས་པའི་དབར། “ལྟོ་གོས་ཀྱི་གནད་དོན”དང“བསམ་བློའི་གནད་དོན”དབར་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་ཁྱེར་དར་རྒྱས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་དབར་འབྲེལ་མཐུད་ཏན་ཏིག་བྱེད་པ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གཞི་ཁྱོན་གྱི་ལེགས་ཆ་དང་། ས་ཁོངས་ཀྱི་ལེགས་ཆ། བསྡུར་བའི་ལེགས་ཆ། ཁྱད་ལྡན་གྱི་ལེགས་ཆ་བཅས་མངོན་གསལ་དོད་པོ་ཡོང་བར་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྣོད་བཅུད། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་སྣེ་ཁྲིད་པ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཧུར་ཐག་ཡོང་བ་བྱས་ནས་དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡུན་རིང་བརྟན་པོ་ཡོང་བའི་ནང་གནས་ཀྱི་སྒུལ་ཤུགས་ཕྱོགས་ཡོངས་ནས་འཕེལ་བ་བྱེད་དགོས་པ། སྲིད་གྲོས་ལས་དོན་གྱི་དམིགས་བསལ་ལེགས་ཆ་གང་ལེགས་སྤྱད་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རླབས་པོ་ཆེ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་ནས། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་ཏན་ཏིག་འགྱུར་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། (ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)