《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

བདེ་ཐང་འཚོ་བའི་དཔྱིད་རླུང་གང་སར་ལྡང་།

—— རྒྱལ་གཅེས་འཕྲོད་བསྟེན་ཟླ་བར་ལྷ་སའི་ཁྲོམ་གཞུང་གི་མཐོང་ཐོས།

ལོ་རེའི་ཟླ་བཞི་པ་ནི་རང་རྒྱལ་གྱི་རྒྱལ་གཅེས་འཕྲོད་བསྟེན་ཟླ་བ་རེད་ལ་ལྷ་སར་དཔྱིད་དཔལ་རབ་ཏུ་བཞད་པའི་དུས་ཚིགས་ཤིག་ཀྱང་རེད། གསར་འགོད་པས་ལྷ་སའི་ཁྲོམ་གཞུང་ནས“ལྟོ་ཆས་ལོགས་སུ་དབྱེ་ནས་ཟ་བའི་ལམ་ལུཌ”དང་། གད་སྙིགས་རིཌ་དབྱེ། གསང་སྤྱོད་གསར་བརྗེ་སོགས་ཀྱི་འཚོ་བའི་དར་སྲོལ་གསར་པ་དར་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེཌ་སུ་འགྲོ་བཞིན་པའི་རྣམ་པ་མཐོང་ཆོས་སུ་གྱུར།

ལྟོ་ཆས་ལོགས་སུ་ཕྱེ་ནས་ཟ་བའི་ལམ་ལུགས།

ཡ་རབས་ངང་ཟ་མ་བཟའ་བའི་དར་སྲོལ་གསར་པ་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་པ།

གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་གཙང་ཞིང་གྲལ་འགྲིག་པའི་ཟ་ཁང་ཞིག་ཏུ་སྒྲོག་ཙེ་རེར་མང་ཤོས་ལ་མགྲོན་པོ་གཉིས་ལས་མེད་པ་མཐོང་བྱུང་། སྦྱིན་བདག་མཱ་ལགས་ཀྱིས“ཟ་ཁང་སྒོ་ཕྱེ་བ་ནས་བཟུང་། ང་ཚོས་མགྲོན་པོར་རབ་བྱུང་ན་སྒྲོག་ཙེ་རེར་མི་རེ་སྡོད་དགོས་པ་དང་། མང་ཤོས་ལའང་མི་གཉིས་ལས་སྡོད་རྒྱུ་མེད་པར་ཁ་ལག་བཟའ་སྐབས་རུབ་རྒྱུ་མེད་ཅེས་གྲོས་འགོ་འདོན་གྱི་ཡོད”ཅེས་བཤད་བྱུང་།

རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས(སྤྱི་ཁྱབ་ཚོང་ཚོགས)ཀྱི་ཚོགས་གཙོ་གཞོན་པ་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ལི་ཆུན་གྱིས“འདི་ལོའི་ཟླ་4ཚེས་3ཉིན་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་རང་སྐྱོང་ལྗོངས་གཡོས་སྦྱོར་བཟའ་བཏུང་གསོལ་མགྲོན་ཁང་ལས་རིགས་མཐུན་ཚོགས་ཀྱིས་མཉམ་དུ་བདེ་ཐང་འཕྲོད་བསྟེན་གྱི་འཛད་སྤྱོད་ཁོར་ཡུག་བཏོད་ནས་ཚོང་དོན་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་འགོ་བཏོན་ཡོད། དེའི་དམིགས་ཡུལ་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་རྒྱུ་དེ་ཡིན”ཞེས་བརྗོད་བྱུང་།

གད་སྙིགས་རིགས་དབྱེ།

སྡོད་སའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ།

ཀརྨ་དགོན་གསར་ཁྲོམ་གཞུང་དོན་གཅོད་ཁྲུའུ་གཅིག་འཛུགས་སྡེ་ཁུལ་དུ་གསར་འགོད་པར་གད་སྙིགས་རིགས་དབྱེ་ས་དང་གད་སྙིགས་རིགས་བཞི་ལ་དབྱེ་བའི་གད་སྙིགས་བླུག་སྒམ་སྡེ་ཁུལ་གྱི་ལམ་ཟུར་དུ་གྲལ་འགྲིག་པོས་བཞག་ཡོད་པ་དང་། གད་སྙིགས་བླུག་སྒམ་ཐོག་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་གད་སྙིགས་ཚུར་བསྡུ་དང་། ཟ་ཁང་གད་སྙིགས། གནོད་ལྡན་གད་སྙིགས། དེ་མིན་གད་སྙིགས་བཅས་བཞི་ལ་དབྱེ་བ་གསལ་པོར་བྲིས་ཡོད་པ་མཐོང་བྱུང་།

“འགྱིག་ཤོག་བཟོས་རྫས་སྤྱི་རྒྱ་1ལ་སྒོར་1.3སྤྲོད་པ་དང་སྐར་མ་13ཐོབ་ཀྱི་ཡོད་པས་དེས་གོས་འཁྲུའི་གཤེར་ཁུ་འགྱིག་དམ་གཅིག་བརྗེ་ཆོག ཚན་རྩལ་ཁྱབ་གདལ་གྱི་བྱེད་སྒོ་འདི་རིགས་ཐད་ཀར་དང་གསོན་ཉམས་དོད་པོ་ཡོད། ང་ལྟ་བུའི་ལོ་ན་རྒས་པའི་མིས་ཀྱང་བལྟས་པ་ཙམ་གྱིས་དོན་གསལ་པོ་ཤེས་ཀྱི་འདུག རྗེས་སུ་ངས་ཀྱང་ནང་མི་ཚོའི་སྣེ་ཁྲིད་ནས་གད་སྙིགས་རིགས་དབྱེའི་འདུ་ཤེས་འཇགས་པ་བྱེད་རྒྱུ་ཡིན”ཞེས་རྒད་པོ་ཚེ་རིང་གིས་ལག་རྟགས་ཆུང་ཆུང་ལེན་བཞིན་དེ་ལྟར་བཤད་བྱུང་།

ཀརྨ་དགོན་གསར་ཁྲོམ་གཞུང་གད་སྙིགས་བརྗེ་སྤྲོད་སྒོ་རྩིས་ཞབས་ཞུ་ལས་སྟེགས་ཀྱི་འགན་འཁུར་བས་བྱེད་སྒོ་དེ་སྤེལ་བ་ནས་བཟུང་ཉིན་ལྟར་མི་མང་པོས་དེའི་ཐད་ཀྱི་གནད་དོན་སྐད་ཆ་འདྲི་བར་ཡོང་གི་འདུག “དང་ཐོག་ཁོང་ཚོས་གད་སྙིགས་དངུལ་ལ་བརྩིས་ནས་ཅ་ལག་ཉོ་ཆོག་པ་དེར་ཡིད་ཆེས་བྱེད་ཀྱི་མེད། དེ་ནས་ཅ་ལག་དང་གད་སྙིཌ་བརྗེ་པོ་ངོ་མ་བརྒྱབ་པ་མཐོང་སྐབས་ཚང་མ་བྱེད་སྒོ་དེའི་ནང་ཞུཌ་པའི་ཧུར་སེམས་ཆེ་རུ་ཕྱིན་སོང”ཞེས་གསར་འགོད་པར་བཤད་བྱུང་།

གསང་སྤྱོད་གསར་བརྗེ།

དམངས་འཚོའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ།

མི་གཤིས་དང་མཐུན་པའི་གསང་སྤྱོད་ནང་གི་སྒྲིག་ཆས་དང་། འཐུས་སྒོ་ཚང་བའི་དོ་དམ་ལམ་ལུགས། སྔོན་ཆད་གྲོན་དངུལ་བསྡུ་བ་ནས་ད་ཆའི་རིན་མེད་སྒོ་དབྱེའི་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁུལ་དུ“གསང་སྤྱོད་གསར་བརྗེར”བརྟན་པོའི་སྒོ་ནས་སྐུལ་འདེད་བཏང་བས། ཤེས་དཔལ་གྱི་དར་སྲོལ་གསར་པ་ལྷ་སའི་གྲོང་ཁུལ་གང་སར་ཁྱབ་ཡོད།

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁོར་ཡུག་འཕྲོད་བསྟེན་ཅུས་ཀྱི་འབྲེལ་ཡོད་ལས་དོན་པས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གི“གསང་སྤྱོད་གསར་བརྗེའི”ལས་དོན་གྱི་བླང་བྱར་གཞིགས་ནས། ཅུས་དང་ཁྲེང་ཀོན་ཆུས་ཅེ་ཏ་ཁོར་ཡུག་གཙང་སྦྲ་ཚད་ཡོད་ཀུང་སིས་བོད་རིགས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་ཐོན་ཁུངས་རང་བཞིན་དང་ཁོར་ཡུག་སྲུང་སྐྱོང་གི་སྒུལ་བདེའི་གསང་སྤྱོད་འཆར་འགོད་བྱས་ནས་བསྐྲུན་ཡོད། དེར་རྒྱ་ཆེའི་གྲོང་མི་དང་དེ་བཞིན་ཡུལ་སྐོར་བའི་བསྔགས་བརྗོད་བཟང་པོ་མགྲིན་གཅིག་ཏུ་ཐོབ་ཡོད། “སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གསང་སྤྱོད་ཀྱི་ས་བཟུང་སྨི་ངོས་གྲུ་20ཙམ་ཟིན་པ་དང་། དེར་ཕོ་མོའི་གསང་མིག་ཡོད་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་གསང་མིག་ཀྱང་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

སྡོད་ས་ལྷ་ས་གྲོང་ཁྱེར་ནས་ཡིན་པའི་སྐུ་ཞབས་ལིའུ་ལགས་ཀྱིས་གསར་དུ་བསྐྲུན་པའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གསང་སྤྱོད་ནང་གྱོན་ཆས་བཀལ་ས་དང་། རླུང་གཡབ། གློག་སྒྲོན་བཅས་ཚང་མ་ཡོད་པས། དེ་ནི་མེ་འཁོར་དང་གནམ་གྲུའི་ཐོག་གི་གསང་སྤྱོད་དང་ཧ་ཅང་འདྲ་བ་མ་ཟད། ད་དུང་གཙང་སྦྲ་ཧ་ཅང་དོད་པོ་འདུག “གསང་སྤྱོད་སྙིང་རྗེ་པོ་དེ་འདྲ་བཟོ་རྒྱུ་ཡོད་པ་བསམ་བློར་ཡང་འཁོར་མ་མྱོང་། གསང་སྤྱོད་ཀྱི་ནུས་པ་ཆ་ཚང་པོ་འདུག་པས། ང་ཚོའི་འཚོ་བར་སྟབས་བདེ་ཆེན་པོ་སྐྲུན་འདུག”ཅེས་གསར་འགོད་པར་བཤད་བྱུང་།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)