《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月29日

ཟླ་དང་པོ་ནས་གསུམ་པ་བར་བོད་མཚོ་བཟོ་ལས་གླིང་ཁུལ་དུ་ཐོན་སྐྱེད་བྱེད་འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པ།

ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་ཚད་བརྒྱ་ཆ་དགུ་བཅུ་ཟིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་མཚོ་བཟོ་ལས་གླིང་ཁུལ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བ་ནས་བཟུང་། མཚོ་བོད་བཟོ་ལས་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག་ཐབས་མང་མཉམས་དུ་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པ་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་བས་ཟླ་དང་པོ་ནས་གསུམ་པ་བར་ཐོན་སྐྱེད་བྱེད་འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་ཡོད།

བོད་མཚོ་བཟོ་ལས་གླིང་ཁུལ་དུ་བཟོ་སྐྲུན་ལས་རིགས་དང་། རྫས་འགྱུར་བཟོ་ལས། ལས་སྣོན་ལས་རིགས་བཅས་ཐོན་སྐྱེད་རིགས་ཀྱི་ཁེ་ལས་11ལས་འགོ་བསྐྱར་འཛུགས་ཐུབ་པ་དང་ལས་འགོ་བསྐྱར་འཛུགས་ཐུབ་ཚད་90.91%ཟིན་པ་དང་། ཚོང་དོན་རིགས་ཀྱི་ཁེ་ལས་34རྒྱུན་གཏན་བཞིན་ཚོང་གཉེར་ལས་སྒོའི་བྱེད་སྒོ་གཉེར་འགོ་བཙུགས་པ་མ་ཟད། གསར་དུ་ཐོ་བཀོད་བྱས་པའི་ཁེ་ལས་6དང་གསར་དུ་ཐོ་འགོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར་2.4ཟིན་ནས་རིགས་སྣ་ཚོགས་ཀྱི་ཁེ་ལས་ཀྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་18.65ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་། ཁྲལ་འབབ་སྒོར་དུང་ཕྱུར་2.7ཟིན་པ་དེ་དུས་མཚུངས་ལས་18.6%མང་དུ་སོང་ཡོད་པ་རེད།

(པ་སངས་ཚེ་རིང་གིས་བསྒྱུར་ནས་ཞུས)