《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月24日

ལས་ཞུགས་ལ་སྐུལ་འདེད་བཏང་ནས་ལས་གཏོད་ལ་རམ་འདེགས་བྱས་པ།

གནས་ཡུལ་གཞིས་རྩེ་གྲོང་ཁྱེར་བོད་ལྗོངས་ཆའོ་མུའུ་རིག་གནས་སྨྱན་སྦྱོར་མ་རྐང་ཚད་ཡོད་ཀུང་སི་ནི་ལས་གཏོད་གསོ་སྐྱོང་རྣམ་པའི་ཀུང་སི་ཞིག་ཡིན་ཞིང་། ཀུང་སི་དེས་གཞིས་རྩེ་གྲོང་ཁྱེར་གྱི་ཚང་མ་ལས་ཞུགས་ཐུབ་རྒྱུའི་བྱ་སྤྱོད་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ། “རྣམ་གྲངས་ཀྱིས་ལས་གཏོད་ལ་སྐུལ་ཁྲིད་དང་ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད”ཀྱི་གསར་གཏོད་འདུ་ཤེས་མཐའ་འཁྱོངས་བྱས་ནས་ཇོ་རིའི་ཀུན་གཏོད་བར་མཐོངས་ལས་སྟེགས་བརྒྱུད། ཆེད་ལས་ཅན་གྱི་ཤེས་ལྡན་པའི་ཚོགས་པ་གཏོད་རྒྱུར་འབད་བརྩོན་བྱས་པས་ཐུན་མོང་ལས་གཏོད་དང་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་ཐུབ་ཡོད། འདི་ནི་ཀུང་སི་དེར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མས་བརྡ་ཆ་ཇུས་འགོད་བྱེད་བཞིན་པ།