《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月20日

བོད་དང་ཧུའུ་པེ་དབར་རྣམ་གྲངས་23ཚོང་འགྲིག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་18ཉིན་གནས་ཚུལ་འབྱོར་གསལ། རང་ལྗོངས་ཀྱི་དཔལ་འབྱོར་དང་སྐྱི་ཚོགས་འཕེལ་རྒྱས་ལས་རམ་འདེགས་བྱ་ཆེད། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོ་བེད་སྤྱོད་གང་ལེགས་བྱས་ཏེ་གཙོ་གནད་ཁེ་ལས་ཀྱི་མིང་ཐོ་གདམ་གསེས་དང་གསེད་བཀྲོལ་གྱིས་ཐབས་ལམ་མང་པོ་བརྒྱུད་ཁེ་ལས་ཀྱི་དགོས་མཁོ་འཚོལ་བསྡུ་བྱས་ཏེ་ཧུའུ་པེའི་ཁེ་ལས་ལ་དགོས་མཁོ་སྙོམས་སྒྲིག་གནད་སྨིན་དང་མཐའ་མའི་འགག་གནད་འབྲེལ་མཐུད་ཤར་གཏོང་བྱས་པ་རེད།

མིག་སྔར་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་བསྡུའི་གྲངས་གཞི་ཆེ་མོ་བརྒྱུད་ས་གནས་དེ་གའི་ཁེ་ལས་64གདམ་གསེས་བྱས་ནས་ཧུའུ་པེའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཁེ་ལས་ཀྱི་མིང་ཐོ་དང་འབྲེལ་མཐུད་བྱས་པའི་ནང་། བོད་ལྗོངས་གཞིས་རྩེ་མཐོ་གསར་གངས་ལྷ་ཨར་འདམ་ཚད་ཡོད་ཀུང་སི་དང་ཧུའུ་པེའི་ཧྭ་ཤིན་སྒྲིག་ཆས་ལས་གྲྭ་ཚད་ཡོད་ཀུང་སི་དང་། ཀྲུང་ནན་རྩད་ཞིབ་རྨང་གཞིའི་ལས་གྲྭ་ཚད་ཡོད་ཀུང་སི། ཝུའུ་ཧན་ལི་ཧྥུང་ཏ་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཀུང་སི་12དང་ཉོ་སྒྲུབ་ཀྱི་འདོད་མཐུན་རགས་ཙམ་གྲུབ་པ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན། ཁྲལ་བསྡུའི་གྲངས་གཞི་ཆེ་མོའི“འབྲེལ་ལམ”བརྒྱུད་ཟླ་3ཚེས་18ཉིན་ནས་ཟླ་4ཚེས་10ཉིན་བར། བོད་དང་ཧུའུ་པེ་དབར་དངོས་སུ་ཚོང་འགྲིག་པའི་རྣམ་གྲངས་23དེ་དག་མ་དངུལ་སྒོར་ཁྲི་5728.55དང་འབྲེལ་བ་ཡོད་པ་རེད།