《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

ད་ཆའི་བདེ་སྐྱིད་འཚོ་བ་སྦྲང་རྩི་ལས་ཀྱང་མངར།

དེང་གི་བོད་ལྗོངས་སུ་དམངས་འཚོའི་བྱ་གཞག་ཁག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

ལོ་61གོང་གི་དཔྱིད་ཀ་ཞིག བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་བསླངས་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེ་སྔའི་བོད་ས་གནས་སྲིད་གཞུང་མེད་པ་བཟོ་རྒྱུའི་བཀའ་ཕབ་པ་རེད། ཞིང་བྲན་བཅིངས་འགྲོལ་གཏོང་རྒྱུ་གཙོ་བོར་བྱས་པའི་མང་ཚོགས་རང་བཞིན་གྱི་དམངས་གཙོའི་བཅོས་སྒྱུར་ལས་འགུལ་ཞིག་བོད་དུ་ཕྱོགས་ཡོངས་ནས་སྤེལ་ཏེ་མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཇུག་འགྲིལ་ནས་ས་མཐོའི་མི་སེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལོངས་སུ་སྤྱོད་འགོ་ཚུགས།

1959ལོའི་གོང་དུ། བོད་ཀྱི་མི་འབོར་གྱི་5%ཡང་བཟུང་མེད་པའི་ཞིང་བྲན་བདག་པོ་དང་དེའི་མངའ་ཚབ་ཀྱིས་ཧ་ལམ་བོད་ཀྱི་ས་ཞིང་དང་། འབྲོག་ར། ཕྱུགས་ཟོག་ཕལ་ཆེ་བ་བཟུང་ཡོད་ལ། བོད་ཀྱི་མི་འབོར་གྱི་95%བཟུང་བའི་ཞིང་བྲན་ལ་ཐོན་སྐྱེད་རྒྱུ་ཆ་དང་མི་ལུས་རང་དབང་གང་ཡང་མེད།

བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཞིང་བྲན་ལམ་ལུགས“ནམ་ཡང་མི་འགྱུར་བའི”རེ་ངན་བཅངས་ཡོད། 1959ལོའི་ཟླ་3ཚེས་10ཉིན། ཁོ་པ་ཚོས་ཕྱི་རྒྱལ་གྱི་ལོག་སྤྱོད་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་རེད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་ཀྱི་མི་དམངས་ཀྱི་འདུན་པ་དང་བསྟུན་ནས་མགྱོགས་མྱུར་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་བཏང་བ་དང་འབྲེལ། མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་དམངས་གཙོའི་བཅོས་སྒྱུར་བྱས་པས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་འཕོ་འགྱུར་ཆེན་པོ་བྱུང་བ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བྲན་གཡོག་ལམ་ལུགས་ཀྱི་འཆིང་རྒྱ་ལས་ཐར་བ་དང་། ལམ་ལུགས་ཀྱི་འགན་ལེན་ཡོད་སྟབས། བོད་གསར་འཕེལ་རྒྱས་གཏོང་རྒྱུ་དེ་མགྱོགས་ལམ་ཐོག་བསྐྱོད་ཡོད། 1980ལོ་ནས་བཟུང་། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་སྔ་རྗེས་སུ་འཚོཌ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་བྱ་གཞག་ཁག་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད།

དེང་གི་བོད་ལྗོངས་སུ་དཔལ་འབྱོར་འཕེལ་རྒྱས་ཟམ་མི་ཆད་པ་སྐས་རིམ་གསར་པར་སླེབས་པ་དང་། མི་རིགས་ཁག་གི་མི་དམངས་ལ་ཉིན་བཞིན་ཕུན་སུམ་ཚོགས་པའི་དེང་དུས་ཤེས་དཔལ་གྱི་གྲུབ་འབྲས་ཟམ་མི་ཆད་པ་ལོངས་སུ་སྤྱོད་རྒྱུ་ཡོད།

1959ལོར་བོད་ལྗོངས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ལས་མེད་པ་དང་། 2019ལོར་སླེབས་སྐབས་སྒོར་དུང་ཕྱུར་1600ལས་བརྒལ་ཡོད། 1978ལོའི་རྗེས་སུ་བོད་ཀྱི་འབྲུ་རིགས་མུའུ་རེའི་ཐོན་འབབ་ལོ་40ཡི་ནང་ལྡབ་གཅིག་འཕར་བ་དང་། 2019ལོར་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་བརྒྱ་ཡན་ཟིན་གྱི་ཡོད། མིག་སྔར་བོད་དུ་རིཌ་20ལྷག་ཙམ་ཚུད་པའི་དེང་རབས་བཟོ་ལས་མ་ལག་བསྐྲུན་པ་དང་། གཞུང་ལམ་རྫོང(ཆུས)ཚང་མར་ཤར་གཏོང་ཐུབ་པ། གློག་དྲ་གཙོ་བོ་རྫོང(ཆུས)66ལ་ཁྱབ་ཡོད།

དེང་གི་བོད་དུ་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་བསུ་བཞིན་ཡོད་པ་དང་། དམངས་འཚོའི་བྱ་གཞག་ཁག་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་ཡོད།

བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད། ད་ཆ་བོད་དུ་རིགས་ཁག་གི་སློབ་གྲྭ་2400ལྷག་ཙམ་བསྐྲུན་ནས་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་ཐུབ་ཡོད། བོད་རྙིང་པར་གྲོང་ཁྱེར་དང་གྲོང་གསེབ་ཚང་མར་སློང་མོ་བས་ཁེངས་པ་དང་། ད་ཆ་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས་སོགས་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་བསྐྲུན་ནས་དྭ་ཕྲུག་ཚང་མ་དང་འདུན་པ་ཡོད་པའི་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་བསྙེན་བཀུར་མངོན་འགྱུར་བྱུང་ཡོད། བོད་རྙིང་པར་སྨན་བཅོས་ཆ་རྐྱེན་རྗེས་ལུས་ཡིན་པ་དང་། ད་ཆ་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་བཞིའི་སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ཡོད།

“བོད་རྙིང་པའི་དཀའ་སྡུག་མྱངས་རྗེས། ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྦྲང་རྩི་ལས་ཀྱང་མངར་བ་ཞིག་འདུག”ཅེས་ལོ་73ལ་སླེབས་པའི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་གྲོང་མི་རྟ་མགྲིན་གྱིས་མྱོང་ཚོར་ཆེན་པོས་བཤད། 2019ལོར་ཁོང་གི་ཁྱིམ་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་སྒོར་ཁྲི་10ལྷག་ཙམ་རག་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། བོད་དུ་མི་འབོར་དབུལ་པོ་2013ལོའི་ལོ་མཇུག་གི་ཁྲི་80ནས་2018ལོའི་ལོ་མཇུག་གི་ཁྲི་15བར་ཉུང་དུ་ཕྱིན་པ་དང་། 2019ལོར་ལྗོངས་ཡོངས་ཀྱི་ཁག་མཇུག་ཤོས་ཡིན་པའི་རྫོང(ཆུས)དབུལ་པོ་19དངོས་སུ་རྫོང(ཆུས)དབུལ་པོ་ལས་ཕྱིར་འཐེན་བྱས་པ་དང་། ད་ཆའི་བོད་ཀྱིས་2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིཌ་ཚད་ཕྱོཌ་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་དུ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་གཞན་ཞིག་བསུ་ཉེར་ཡོད།

གཅིག་ལ་གཅིག་བརྟེན་ཡིན་པས་ཕན་ཚུན་ཁ་འབྲལ་ཐབས་མེད་པ།

ལོ་61གོང་གི་དམངས་གཙོའི་བཅོས་སྒྱུར་ལས་བོད་འདི་ཉིད་བྲན་གཡོག་ལམ་ལུཌ་ཀྱི་འཆིང་རྒྱ་ལས་རྦད་དེ་གྲོལ་བ་མ་ཟད། བོད་འདི་ཉིད་མེས་རྒྱལ་ཁྱིམ་ཚང་ཆེ་མོ་དང་དེ་བས་མཉམ་འདྲེས་གཏིང་ཟབ་བྱུང་ཡོད།

ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཚུན་དུ། བོད་ཀྱིས་ཧུའུ་པེར་ཚགས་ཤ་ཏུན་50དང་། ཕག་ཤ་ཏུན་60 གཏེར་ཆུ་སྒམ་ཁྲི་16.9 རང་བྱུང་འཐུང་ཆུ་ཏུན་2000སོགས་ཀྱི་དངོས་རྫས་ཞལ་འདེབས་ཕུལ་ཡོད། དེས་ན་བོད་ཀྱི་མང་ཚོགས་ཀྱིས་ཀྱང་1985ལོ་དང་། 1990ལོ། 1997ལོ་བཅས་སུ་ནག་ཆུར་གངས་སྐྱོན་ཆེན་པོ་བྱུང་སྐབས། རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་བྱས་ཏེ་གངས་ལྗོངས་ས་མཐོའི་མི་དམངས་ལ་དཀའ་ངལ་སེལ་རོཌ་བྱས་པ་བརྗེད་ག་ལ་སྲིད།

ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་སུ། ཀྲུང་དབྱང་སྲིད་གཞུང་གིས་ལས་བྱེད་པ་དང་སློབ་ཆེན་གྱི་སློབ་ཐོན་སློབ་མ་བོད་ལ་རོགས་སྐྱོར་བྱེད་པར་བཏང་ཡོད། 1994ལོར་ཀྲུང་དབྱང་གིས“རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི”མཛད་ཕྱོགས་དང“ཡུག་དབྱེ་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་དཔེ་དབྱིབས་གཏན་འཁེལ་བྱས་ཏེ་སྔ་རྗེས་སུ་བོད་སྐྱོར་ལས་བྱེད་པ་ཁག་དགུ་གངས་ལྗོངས་ས་མཐོར་བསྐྱོད་པ་རེད། 2015ལོ་དང་2016ལོར། སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ཡང་སྔ་རྗེས་སུ་སྤེལ་བ་རེད།

ད་ཆ་བོད་དུ་མི་རིགས་ཁག་གི་མང་ཚོགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད།

2020ལོའི་ཟླ་1པོར། བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་སྲོལ་ཡིག》བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། སྲོལ་ཡིག་ནང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བཅས་ནི་བོད་ཀྱི་མི་རིཌ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་དང་འོས་འགན་ཡིན་པའི་གཏན་འབེབས་བྱས་པ་རེད།

“གཅིག་ལ་གཅིག་བརྟེན་ཡིན་པས་ཕན་ཚུན་ཁ་འབྲལ་ཐབས་མེད་པའི་རྨང་གཞིའི་ཐོག མི་རིགས་ཁག་ཐུན་མོང་དར་རྒྱས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཐན་ཉི་ཡས་བཤད་པ་དང་། དེ་ནི་བོད་ཀྱིས་ཕྱོཌ་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དོན་སྙིང་ཡང་ཡིན་པ་རེད།

“བོད་ནི་སྔར་བཞིན་འཛམ་གླིང་སྟེང་གི་སྣོད་བཅུད་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན”

2019ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་སྟེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚེའུ་གཉིས་རྫོང་གི་མི་2900ཙམ་ལྷོ་ཕྱོགས་སུ་སྤྱི་ལེ་སྟོང་ཙམ་བརྒལ་ནས་ས་བབ་མཐོ་ཚད་སྨི་3600ཡི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་སྤོས་པ་དེ་ནི་བོད་ཀྱི་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་འཆར་འགོད་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བོད་ཀྱིས་སྤྱི་ལེ་ངོས་གྲུ་ཁྲི་35ཙམ་གྱི་ས་ཆ་ནས་ཕྱིར་འཐེན་བྱས་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་རང་བྱུང་ཁམས་ཆེ་མོ“ཕྱིར་སྤྲོད”བྱས་པ་རེད།

ལོ་མང་རིང་། ཏང་ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་ཀྱིས་མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དོན་ཆེན་ཨང་དང་པོར་བརྩིས་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་ཐོག་དེ་བས་བཞག་སྟེ། བོད་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་འཕེལ་རྒྱས་བཟང་བའི་བགྲོད་ལམ་ཐོག་བསྐྱོད་ཡོད། 2019ལོའི་བར་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར་117བཏང་བ་དང་། 《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གནས་བབ》ཀྱི་རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་ས་མཐོའི་ས་ཁུལ་ནི་སྔར་བཞིན་སའི་གོ་ལའི་སྟེང་གི་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་ཡིན་པ་བསྟན་ཡོད།

སྣོད་བཅུད་ཁོར་ཡུག་བཟང་པོ་ལས་མི་རིགས་ཁག་གི་མང་ཚོགས་ལ་ལྗང་མདོག་གི་ཕན་བདེ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། དེ་སྔ་བྱེ་རླུང་གང་སར་འཚུབ་པའི་ཡར་ཀླུང་གཙང་པོའི་ལྷོ་ཁ་དུམ་བུར་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་40ལྷག་ཙམ་རིང་ལྗོན་ཤིང་སྡོང་རྐང་ཁྲི་4500ལྷག་ཙམ་བཙུགས་པ་དང་། ཡུལ་དེའི་མང་ཚོགས་ཀྱིས་ཞིང་ཁྱིམ་སྤྲོ་ཁང་གཉེར་ནས་སྣོད་བཅུད་བཟང་པོར་བརྟེན་ཏེ་ཡུལ་སྐོར་ལས་ཡོང་འབབ་བསགས་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ས་མཐོར་འཚོ་བ་སྐྱེལ་བའི་མི་ཚོས་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱི་ཁྲིད་སྟོན་འོག སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསར་པ་རྩོམ་བཞིན་ཡོད།

(བསོད་བདེ་དང་ཚེ་ཁོས་སྒྱུར་ཞུས་བྱས)