《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གིས།

“བོད་ཇའི་དངུལ་བུན”ཁྱབ་གདལ་བཏང་ནས་ཇ་འདེབས་ཞིང་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་བསལ་བ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྤོ་བོ་རྫོང་ཡིད་འོང་ཇ་བཟོ་གྲྭར་འཚོགས་པའི“ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་གངས་ལྗོངས་ཞིང་ཕནeདངུལ་བུན་ཁག་དང་པོ·བོད་ཇའི་དངུལ་བུན་གཡར་བའི་མཛད་སྒོའི”ཐོག་བསོད་ནམས་ཆོས་འཕེལ་དང་ལི་ཧྲེང་ལི་སོགས་ཡིད་འོང་ཇ་བཟོ་གྲྭ་ནས་ཡོང་བའི་ཇ་འདེབས་ཞིང་པ་15ཡིད་རྟོན་དངུལ་བུན་གཡར་མཁན་ཁག་དང་པོར་གྱུར་ནས་ཁྱོན་ཡིད་རྟོན་དངུལ་བུན་སྒོར་ཁྲི་215རག་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཇའི་དངུལ་བུན”དེ“གངས་ལྗོངས་ཞིང་ཕནeདངུལ་བུན”གྱི་དྲ་ཐོག་འཁོར་རྒྱུག་གི་ལེགས་ཆར་བརྟེན་ནས“ཕ་ལམ་བྱང་བུ་དང་། གསེར་བྱང་། དངུལ་བྱང་། ཟངས་བྱང”བཅས་བཞི་དང“གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་གཱ”བཅས་འཐུས་སྒོ་ཚང་བའི་ཡིད་རྟོན་མ་ལག་དང་སྟབས་བསྟུན་གྱི་ཡིད་རྟོན་བྱ་ཐབས་མཉམ་འདྲེས་བྱེད་པ་དང་། བྱང་བུ་བཞི་དང“གནད་སྨིན་དབུལ་སྐྱོར་གྱི་དངུལ་བུན་གཱ”ཡོད་པའི་ཇ་འདེབས་ཞིང་པར་གཡར་རྒྱུའི་ཡིད་རྟོན་དངུལ་བུན་ཞིག་རེད། དངུལ་བུན་དེ་ནི་ཇ་ཐོན་སྐྱེད་དང་གཉེར་སྐྱོང་གི་དུས་ཚོད་ལ་གཞིགས་ཏེ་རིང་ཤོས་ལོ་8གཡར་ཆོག་པ་དང་དངུལ་འབོར་མཐོ་ཤོས་སྒོར་ཁྲི་30ཟིན་གྱི་ཡོད་པས་ཇ་འདེབས་ཞིང་པའི་མ་དངུལ་གྱི་དགོས་མཁོ་གང་ལེགས་བསྐངས་ཡོད།