《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年04月02日

རང་སྐྱོང་ལྗོངས་བདེ་ཐང་བོད་ལྗོངས་བྱ་སྤྱོད་ཀྱི་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་31ཉིན་གནས་ཚུལ་འབྱོར་གསལ། ཟླ་3ཚེས་31ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་བདེ་ཐང་བོད་ལྗོངས་བྱ་སྤྱོད་ཀྱི་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་འཆར་ཟིན་བཀོད་པའི“བདེ་ཐང་བོད་ལྗོངས་བྱ་སྤྱོད་ཀྱི་འབྲེལ་ཡོད་ཡིག་ཆའི”དོན་ཚན་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་འབྲེལ། བདེ་ཐང་བོད་ལྗོངས་བྱ་སྤྱོད་སྐོར་གྱི་འབྲེལ་ཡོད་སྡེ་ཚན་གྱི་གྲོས་འགོ་དང་བསམ་འཆར་ཉན་ནས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་ཐང་ཀྲུང་གོའི་བྱ་སྤྱོད་དང་བདེ་ཐང་བོད་ལྗོངས་བྱ་སྤྱོད་ལག་བསྟར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འདུ་ཤེས་ལ་འགྱུར་ལྡོག་བཏང་སྟེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དེ་སྨན་བཅོས་གཙོ་བོར་བྱེད་པ་ནས་མི་དམངས་ཀྱི་བདེ་ཐང་གཙོ་བོར་བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཕྱར་བ་གྲུ་འདེགས་བྱས་ཏེ་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་བདེ་ཐང་བོད་ལྗོངས་བྱ་སྤྱོད་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།