《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月31日

གཟའ་འཁོར་འདིའི་གནམ་གཤིས།

གཟའ་འཁོར་འདིའི་ནང་ཉིང་ཁྲིར་ཆར་ཆུ་མང་བ།

གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(2020ལོའི་ཟླ་3ཚེས་30ནས་ཟླ་4ཚེས་5ཉིན་བར)

གཟའ་ཟླ་བར། ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ།

གཟའ་ལྷག་པ་དང་ཕུར་བུར། ཉིང་ཁྲི་དང་། ནག་ཆུ། མངའ་རིས་བཅས་སུ་གངས་སམ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་གངས་སམ་ཆར་པ་སིམ་སིམ་འབབ་རྒྱུ།

གཟའ་པ་སངས་དང་སྤེན་པར། ཉིང་ཁྲིར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཆབ་མདོ་དང་ནག་ཆུའི་དབུས་ཤར་རྒྱུད་དུ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་འབབ་རྒྱུ།

གཟའ་འཁོར་འདིའི་ནང་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཐོལ་རླུང་རིམ་པ་4ནས་5བར་རྒྱག་རྒྱུ།

གཉིས། གྲོས་འགོ

1.ས་བབ་མཐོ་བའི་རི་ཁུལ་དུ་སྔར་བཞིན་གངས་གསོག་ཐེབས་ཡོད་པས་འགྲིམ་འགྲུལ་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་གཟབ་དགོས།

2.ཤར་རྒྱུད་དུ་གངས་རྡིབ་དང་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐོན་རྒྱུར་གཟབ་དགོས།