《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

ཧྲན་ཏུང་གིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་3.65བཏང་ནས“ལས་གྲྭ་ཆེན་པོ་བདུན”ལག་བསྟར་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་ཤེས་ལྡན་པའི་ལྟེ་གནས་དོ་དམ་ཚོགས་ཆུང་ནས་ཤེས་རྟོགས་བྱུང་བར། 2020ལོར། ཧྲན་ཏུང་བོད་སྐྱོར་གྱིས་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་འདུ་ཤེས་མཐའ་འཁྱོངས། དམངས་འཚོ་དང་། ཐོན་ལས། སྣོད་བཅུད་བཅས་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་དང་། བསམ་གྲུབ་རྩེ་ཆུས། པ་སྣམ་རྫོང་། ངམ་རིང་རྫོང་། གཉའ་ནང་རྫོང་བཅས་རོགས་སྐྱོར་རྫོང(ཆུས)ལྔ་ལ་མ་དངུལ་སྒོར་དུང་ཕྱུར་3.65བཏང་ནས“ལས་གྲྭ་ཆེན་པོ་བདུན”ལག་བསྟར་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱ་རྒྱུ་རེད།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)