《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月26日

ལྷ་ས་གྲོང་ཁྱེར་གྱིས་ཚོང་འགུགས་བྱེད་ཐབས་གསར་པར་བརྟེན་ནས་ཚོང་འགུགས་མ་འདྲེན་ཡག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་20ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཚོང་འགུགས་བྱེད་ཐབས་གསར་གཏོད་ཀྱིས་ཁ་པར་དང་སྐད་འཕྲིན་སོགས་བརྒྱུད་ཚོང་འགྲུལ་པ་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས“ཐུག་འཕྲད་མི་བྱེད་པའི”ཚོང་འགུགས་མ་འདྲེན་ཡག་པོ་བྱས་པ་དང་མིག་སྔར་འབྲེལ་མཐུད་བྱས་ཏེ་ཚོང་འགྲིག་བཞིན་པའི་རྣམ་གྲངས་34ཡོད་པར་བསྡོམས་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་108.3ཟིན་ཡོད་པ་རེད།

མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཐོན་སྐྱེད་རིགས་ཀྱི་ཚོང་འགུགས་མ་འདྲེན་ཁེ་ལས་147ཡོད་པ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་པ་27དང་ལས་གནས་ཐོག་འབྱོར་བའི་ལས་མི་3117ཡོད་པ་རེད། ཟླ་3པར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཁེ་ལས་75ཟིན་རྒྱུ་དང་ལས་གནས་ཐོག་འབྱོར་བའི་ལས་མི་3281བར་མང་དུ་འགྲོ་རྒྱུ་རེད། དུས་ཚིགས་དང་པོའི་དུས་མཇུག་ཏུ་སླེབས་སྐབས་ལྷ་ས་གྲོང་ཁྱེར་གྱིས་ཚོང་འགུགས་མ་འདྲེན་ཐད་དོན་འཁྱོལ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་11.35དང་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་10.4ཟིན་རྒྱུ་རེད།