《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

སྣེ་གདོང་ཆུས་སུ་དྲོ་སྐྱིད་སྦྱིན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། སྣེ་གདོང་ཆུས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱིས་དང་བླངས་ཞབས་ཞུ་རུ་ཁག་སྒྲིག་འཛུགས་བྱས་ཏེ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་སུ་བསྐྱོད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིར”ཕྱིར་མིག་ལྟ་བའི་སྐོར་སྐྱོད་སྒྲོག་འགྲེལ་དང“དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བའི”དྲོ་སྐྱིད་སྦྱིན་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་སྤེལ་རིང་། རྒྱ་ཆེའི་དང་བླངས་པས་ངོ་ཐུག་གདོང་འཕྲད་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། འོས་འགན་སྨན་བཅོས་དང་། ཁྲིམས་ལུགས་དྲིལ་བསྒྲགས། སྲིད་ཇུས་སྒྲོག་འགྲེལ། རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ཡིག་གཟུགས་མཁས་ཅན་གདན་དྲངས་ནས་མང་ཚོགས་ལ་ལོ་གསར་གྱི་ཆ་ཡིག་བྲིས་པ་རེད། དེའི་རིང་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་བ་བྱས་ཡོད། “ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་ཀྱི་ཁོར་ཡུག་དང་འཚོ་བའི་སྒྲིག་ཆས་དངོས་འབྲེལ་ཡག་པོ་འདུག དུས་ཆེན་དང་ལོ་གསར་ཤར་རིམ་བཞིན་ཆ་སྒྲིག་རོགས་སྐྱོར་བྱེད་མཁན‘གཉེན་ཉེ’ང་ཚོར་ལྟ་བར་ཡོང་གི་འདུག འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་བ་ནི་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་ལས་བྱུང་བ་ཞིག་ཡིན། ང་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་དང་འཚོ་བ་སྔར་བས་ཡག་པོ་སྐྱེལ་གྱི་ཡིན”ཞེས་སྣེ་གདོང་ཆུས་རྩེད་ཐང་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་གྲོང་མི་ཚེ་རིང་གིས་བཤད་པ་རེད། (སྤེན་ཚེས་བསྒྱུར)