《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་འདམ་གཞུང་རྫོང་ཡན་ལག་ཅུས་ཀྱིས།

ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུས་འདམ་གཞུང་རྫོང་ཡན་ལག་ཅུས་ཀྱི་ཞིབ་བཤེར་ཚོགས་ཆུང་དང་བཅས་པས་ཁོངས་གཏོགས་ཁུལ་གྱི་རྫོང་མི་དམངས་སྨན་ཁང་དང་། ཆུ་ཀ་ལ་བཟོ་གྲྭ བཙོག་ཆུ་གཙང་གསིང་བཟོ་གྲྭ སྒེར་གྱི་སྨན་ཁང་སོགས་ཀྱི་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་བྱས་པ་རེད།

ད་ཐེངས་སྨན་བཅོས་ཞབས་ཞུའི་ས་ཚིགས་ཀྱིས《སྨན་བཅོས་སྙིགས་རོ་དོ་དམ་སྲོལ་ཡིག》དང་དེ་བཞིན་འབྲེལ་ཡོད་ཀྱི་ལེ་ལག་ཚང་བའི་ཡིག་ཆ་གཞིར་བཟུང་འབྲེལ་ཡོད་སྨན་བཅོས་སྙིགས་རོ་དོ་དམ་གྱི་སྒྲིག་སྲོལ་ལམ་སྲོལ་བཟོས་ནས་ལག་བསྟར་བྱས་ཡོད་མེད་དང་། 《སྨན་བཅོས་སྙིགས་རོ་རིགས་དབྱེའི་དཀར་ཆག》གཞིར་བཟུང་སྨན་བཅོས་སྙིགས་རོར་རིགས་དབྱེ་བསྡུ་རུབ་བྱས་ཡོད་མེད། སྨན་བཅོས་སྙིགས་རོ་འཚོ་བའི་གད་སྙིགས་ནང་བླུགས་པའི་གནས་ཚུལ་ཐོན་ཡོད་མེད། སྨན་བཅོས་སྙིགས་རོ་སྨན་བཅོས་ཞབས་ཞུའི་ས་ཚིགས་སུ་གནས་སྐབས་ཉར་ཚགས་བྱེད་རིང《སྨན་བཅོས་སྙིགས་རོའི་དོ་དམ་སྲོལ་ཡིག》གི་གཏན་འབེབས་དང་མཐུན་ཡོད་མེད། སྨན་བཅོས་སྙིགས་རོ་བརྒྱུད་འདྲེན་རྩིས་ལེན་གྱི་ཟིན་ཐོ་ཆ་ཚང་མིན་དང་དེ་བཞིན་འདམ་གཞུང་རྫོང་གི་འཐུང་ཆུའི་འབྱུང་ཁུངས་དང་། བཙོག་ཆུ་གཙང་གསིང་བཟོ་གྲྭ སྨན་བཅོས་ཆུ་སྙིགས་གཙང་སེལ་སྒྲིག་ཆས་ཀྱི་རྒྱུན་གཏན་དོ་དམ་དང་བེད་སྤྱོད་ཀྱི་གནས་ཚུལ་རྒྱུན་གཏན་ཡིན་མིན་སོགས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།