《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ལྷུན་གྲུབ་རྫོང་གིས་ལས་ཞུགས་བརྟན་པོ་ཡོང་རྒྱུར་དམ་འཛིན་ཡག་པོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར། ལྷུན་གྲུབ་རྫོང་གིས་ལས་ཞུགས་བརྟན་པོ་ཡོང་བར་དམ་འཛིན་ཡག་པོ་བྱེད་རྒྱུ་དེ“བརྟན་པོ་དྲུག”ཡོང་བའི་ལས་འགན་གལ་ཆེན་ལ་བརྩིས་ཏེ། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་ལྷུན་གྲུབ་རྫོང་མི་སྤྱི་ཅུས་ཀྱིས་2020ལོའི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་556དང་འབྲེལ་བ་བྱས་ནས། ཁྱིམ་ཚང་གི་ཆ་འཕྲིན་དང་ལས་ཞུགས་ཀྱི་འདོད་མོས་སོགས་ཀྱི་གནས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ། བོད་ལྗོངས་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ནང་ཕབ་འཇུག་བྱས་ནས་རང་མིང་འགོད་པའི་རྩིས་ཁྲ་བཟོས་པ་རེད།

རྫོང་མི་སྤྱི་ཅུས་ཀྱི་སྐད་འཕྲིན་ཚོགས་པ་བརྒྱུད། དུས་ཐོག་ཏུ་ལས་གནས་144བཀྲམ་པ་དེ་དག་ལས་རིགས་10དང་འབྲེལ་བ་ཡོད། ལས་ཞུགས་མི་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་དྲ་རྒྱའི་གདན་ཞུའི་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ད་ཆ་མི་15ལས་ཞུགས་ཐུབ་ཡོད། སྐད་འཕྲིན་སོགས་སྨྱན་སྦྱོར་གསར་པར་བརྟེན་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་སྲིད་ཇུས་སོགས་ཀྱི་ལས་ཞུགས་ཆ་འཕྲིན་བརྒྱུད་བསྐུར་བྱས་ཏེ་ལས་ཞུགས་སྲིད་ཇུས་ཤེས་ཚད་མཐོ་རུ་བཏང་བ་རེད། ཉེ་དུས། སྲིད་གཞུང་གིས་ལས་ཞུགས་ལས་གནས་5ཉོས་པ་དང་སྤྱི་ཕན་རང་བཞིན་གྱི་ལས་གནས་10གསར་སྤེལ་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ས་གནས་དེ་གའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་། ཐབས་ལམ་སྣ་མང་སྤྱད་ནས་ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་རྒྱུར་ལྕག་སྐུལ་བྱས་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་མི་སྣ་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པའི་གོ་སྐབས་སྤྱད་དེ། ཞིང་འབྲོག་མང་ཚོགས་7000ལྷག་ཙམ་གྱི་ལས་ཞུགས་གཞན་སྒྱུར་གྱི་ཆ་འཕྲིན་རྩིས་ཁྲ་གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་བ་རེད། 2019ལོར་ཐོག་མར་ལས་ཞུགས་ཐུབ་པའི་མཐོ་སློབ་སློབ་ཐོན་སློབ་མ་498ལ་རྗེས་སྙེག་བརྟག་དཔྱད་དང་། ལས་ཞུགས་ཀྱི་ད་ལྟའི་གནས་ཚུལ་དང་ལས་ཞུགས་ཀྱི་དཀའ་ངལ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ། དུས་ཐོག་ཏུ་ཕྱོགས་སྡོམ་དང་དབྱེ་ཞིབ་བཅས་བྱས་ནས་ལས་ཞུགས་ཞབས་ཞུའི་ཁ་གཏད་འཇལ་ཐབས་ལ་ཞིབ་འཇུག་དང་ལེགས་སྒྲིག་བྱས་པ་རེད།