《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ལེ་ཧྥུང་ལ་སློབ་སྦྱོང་བྱ་རྒྱུ་དེ་སྐབས་འཕྲལ་ཙམ་ཡིན་མི་རུང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་ལེ་ཧྥུང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥུང་གི་བྱེད་སྟངས་ལའང་སློབ་སྦྱོང་བྱས་ནས་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་དང་སྤྱོད་བཟང་དོན་གཉེར་བྱ་རྒྱུ་དེ་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱས་ཏེ། སྤྱིར་བཏང་གི་ལས་ཀ་དང་འཚོ་བའི་ཁྲོད་ནས་མངོན་པར་བྱེད་དགོས་པ་དང་། འབུལ་དགོས་ངེས་ཀྱི་ལེགས་སྐྱེས་ཕུལ་ནས་ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས”ཞེས་བསྟན་གནང་ཡོད། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ལེ་ཧྥུང་ལ་སློབ་སྦྱོང་བྱ་རྒྱུ་དེ་སྐབས་འཕྲལ་ཙམ་ཡིན་མི་རུང་ལ་ཟླ་བ་3པ་ཡོལ་རྗེས་སློབ་སྦྱོང་བྱེད་མཚམས་དེ་བས་འཇོག་མི་རུང་། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་དང་ལེ་ཧྥུང་ལ་སློབ་སྦྱོང་བྱེད་སྟངས་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་ལེ་ཧྥུང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་བསྣན་ཏེ་ལེ་ཧྥུང་ལ་སློབ་སྦྱོང་བྱ་རྒྱུ་དེ་རྒྱུན་རྣམ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ལེ་ཧྥུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས།

དང་པོ། ལེ་ཧྥུང་གི་སྙིང་སྟོབས་ཞེས་པར་གོ་བ་སྟབས་བདེ་ལེན་མི་རུང་། “ལེ་ཧྥུང་གི་སྙིང་སྟོབས”ནི་ལེ་ཧྥུང་གི་མིང་ཐོག་ནས་བཏགས་པ་ཞིག་ཡིན་པ་དང་། དེའི་ངོ་བོ་དང་སྲོག་ཤིང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་དང་ལག་བསྟར་བྱེད་པར་ལེ་ཧྥུང་མི་སྒེར་གྱི་སྙིང་སྟོབས་དང་སྤྱོད་བཟང་ལ་སློབ་སྦྱོང་སྟབས་བདེ་བྱེད་པ་ཙམ་མ་ཡིན་པར། ལས་ཀའི་དོན་དངོས་དང་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལེ་ཧྥུང་གི་སྙིང་སྟོབས་བྱ་སྤྱོད་ཁྲོད་ནས་མངོན་པ་དང་ལས་ཀའི་ཁྲོད་དོན་འཁྱོལ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མི་དམངས་སེམས་ནང་འཇོག་པ་དང་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་ལ་བརྩིས་ཚེ་གཞི་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་ཐུབ།

གཉིས་པ། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་ནས་ལེ་ཧྥུང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་སྣོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལེ་ཧྥུང་གི་སྙིང་སྟོབས་ནི་གཏན་དུ་གནས་པ་ཞིག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པོས་མངོན་པ་ཞིག་རེད”ཅེས་བསྟན་གནང་ཡོད། དེང་སྐབས་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པར་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཆབས་ཅིག དུས་བསྟུན་མདུན་སྐྱོད་ལ་སྣང་ཆེན་བྱས་ནས་ལེ་ཧྥུང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་སྣོན་དགོས།

གསུམ་པ། ལེ་ཧྥུང་ལ་སློབ་སྦྱོང་བྱ་རྒྱུ་དེ་བྱ་སྤྱོད་དངོས་ལ་འགྱུར་བ་བྱེད་དགོས། བརྒྱ་བཤད་སྟོང་བཤད་བྱེད་པ་ལས་ཏན་ཏན་ཏིག་ཏིག་གིས་ལས་ཀ་བྱས་ན་ལེགས། ལེ་ཧྥུང་ལ་སློབ་སྦྱོང་བྱ་རྒྱུ་དེ་འབོད་ཚིག་ཅིག་དང་བསྡུས་འཕྲིན་འགོད་རྒྱུ་ཁོ་ན་ནས་མཚམས་འཇོག་མི་རུང་།

(བདེ་སྐྱིད་ཀྱིས་བསྒྱུར། སྐལ་མཆོག་དང་བདེ་སྐྱིད་ཀྱིས་ཞུས)