《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

སྣ་དཀར་རྩེ་རྫོང་གིས།

“ཚན་རྩལ་གཤམ་སྤེལ་ཆེ་མོའི”བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་སྣ་དཀར་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་བསྟུད་མར། སྣ་དཀར་རྩེ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱིས་རྫོང་དང་ཤང་གི་ཞིང་འབྲོག་ལས་ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ། གྲོང་ཚོ(གྲོང་ལྷན)དང་ཞིང་ནང་དང་མུ་ཁར་བསྐྱོད་དེ“ཚན་རྩལ་གཤམ་སྤེལ་ཆེ་མོའི”བྱེད་སྒོ་སྤེལ་བ་རེད།

རྒྱ་ཆེའི་ཞིང་འབྲོག་ལས་ཚན་རྩལ་མི་སྣས་ཞིང་ནང་དང་མུ་ཁ་དང་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ། དཔྱིད་རྨོད་གྲ་སྒྲིག་དང་ལུ་གུ་སྐྱེ་བསུ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། དེ་དང་ཆབས་ཅིག་ཏང་གི་དམངས་ཕན་སྲིད་ཇུས་དང་ཞིང་འབྲོག་པའི་ཁ་གསབ་དེ་བཞིན་བྱ་དགའི་སྲིད་ཇུས་དྲིལ་བསྒྲགས་དང་། ཞིང་འཕྲུལ་ཡོ་བྱད་ལ་བདག་གཅེས་བྱེད་སྟངས། དྲོད་ཁང་ཆེ་མོའི་སྔོ་ཚལ་འདེབས་སྟངས། ཕྱུགས་རིགས་ཀྱི་སྨན་སྤྱོད་སྟངས། མི་ཐབས་ཀྱི་རྩྭ་འདེབས་ལག་རྩལ་བཅས་གསོ་སྦྱོང་བྱས་པ་དང་ཞིང་སྨན་དང་། རྫས་ལུད། ས་བོན་དེ་བཞིན་ཕྱུགས་རིགས་ཀྱི་རྒྱུད་བཟང་དང་སྔོན་ཐོན་གྱི་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་གདལ་བཏང་བ། འབྲི་གཡག་གི་རྒྱུད་པ་ལེགས་བཅོས་དང་། ནུས་ཆེའི་རྒྱགས་གསོ། ལུག་གསོ་ཚགས། བ་གླང་གི་རྒྱུད་པ་ལེགས་བཅོས་སོགས་མཛུབ་ཁྲིད་བྱས་པ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་རྫོང་དེས་གཟན་ཆག་ཏུན་220དང་གཟན་རྩྭ་ཏུན་60སྤྲད་ཟིན་པ་རེད། ཟླ་3པའི་ཟླ་དཀྱིལ་དུ་སོན་བཟང་རྒྱ་མ་ཁྲི་12དང་། རྫས་ལུད་ཏུན་342 ཞིང་སྨན་ཏུན་0.154 ཚོང་འགྱུར་སྐྱེ་ལྡན་ལུད་ཏུན་199བཅས་སྤྲད་དེ་དཔྱིད་རྨོད་དཔྱིད་འདེབས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)