《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

གྲོང་གསེབ་ཀྱི་གཞུང་ལམ་ཡག་པོ་བསྐྲུན་ནས“ཞིང་གསུམ”འཕེལ་རྒྱས་ལ་ཞབས་འདེཌ་ཞུ་དགོས།

ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་གཞུང་ལམ་ལེགས་སུ་མགྱོགས་མྱུར་ཕྱིན་པས། ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་མང་ཚོགས་ཚོའི“འགྲོ་སྐྱོད་དཀའ་བའི”གནད་དོན་རིམ་གྱིས་ཐག་གཅོད་ཐུབ་པ་དང་། ས་ཁུལ་དབུལ་པོའི་འགྲིམ་འགྲུལ་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་བྱུང་བ། ལྷ་ས་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྨང་གཞི་དེ་བས་བརྟན་པོ་བཏིང་བ། ཁྱད་ལྡན་འདེབས་གསོ་དང་། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ཀྱི་ཐོན་ལས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ། གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

གྲོང་གསེབ་ཀྱི་གཞུང་ལམ་གང་མགྱོགས་བསྐྲུན་པ་དང་། གྲོང་གསེབ་ཀྱི་སྤྱི་པའི་འགྲིམ་འགྲུལ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ཞིང་འབྲོག་ཁུལ་གྱི་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་བ་བཅས་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྨྱུག་འཛིན་པས་ལྟར་ན། ད་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་གསེབ་ཀྱི་གཞུང་ལམ་མུ་མཐུད་སྐྲུན་མགྱོཌ་སུ་བཏང་ཚེ། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེཌ་ཞུ་ཐུབ།

གྲོང་གསེབ་ཀྱི་གཞུང་ལམ་གང་མགྱོགས་སྐྲུན་པར། གྲོང་གསེབ་ཀྱི་གཞུང་ལམ་ལ་འཕྲད་པའི་མིག་སྔའི་གནད་དོན་ལ་དམིགས་ཏེ་ཆེད་དོན་ཞིབ་འཇུག་དང་། གནད་སྨིན་ཇུས་བསྟར། གང་མགྱོགས་འཛུགས་སྐྲུན་བཅས་བྱས་ནས། གཞུང་ལམ་ཨ་མ་ཕྱི་ནང་གཉིས་ཀར་སྦྲེལ་མཐུད་ཐུབ་པ་དང་རྒྱལ་ལམ་དང་ཞིང་ཆེན་ལམ་དཀྱུས་མ་རིམ་སྤོར་སྒྱུར་བཀོད་དང་། གཞི་རྩ་འགན་ལེན་དང་དམངས་འཚོར་ཕན་འདོགས་པ། གྲོང་གསེབ་ཀྱི་གཞུང་ལམ་གྲོང་ཚོ་དང་དུད་ཚང་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བ། ཐོན་ཁུངས་ལམ་དང་། ཡུལ་སྐོར་ལམ། ཐོན་ལས་ལམ་བཅས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་སྟེ། གྲོང་གསེབ་ཀྱི་གཞུང་ལམ་གྱིས་ས་ཁུལ་དབུལ་པོའི་ཕྱུག་འགྱུར་གྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས།

གྲོང་གསེབ་ཀྱི་གཞུང་ལམ་གང་མགྱོགས་སྐྲུན་པར། ལས་གྲྭའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་དང་གྲོང་གསེབ་ཀྱི་གཞུང་ལམ་ལས་གྲྭའི་ལག་རྩལ་གྱི་ཚད་གཞི་ལག་ལེན་ནན་པོ་བསྟར་བ། འཛུགས་སྐྲུན་གྱི་སྤུས་ཚད་ལ་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ལས་གྲྭ་འཛུགས་སྐྲུན་གྱི་དམིགས་ཚད་ཇུས་འགོད་བྱས་པའི་ཚད་གཞིར་སླེབས་པའི་འགན་ལེན་བྱས་ནས“ལམ་གཅིག་བསྐྲུན་ན་ཚད་གཅིག་ལོན་པ”བྱེད་དགོས་པ་མ་ཟད། བདེ་འཇགས་ལྟ་ཞིབ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། གྲོང་གསེབ་ཀྱི་སྐྱེལ་འདྲེན་ས་ཚིགས་དང་གྲོང་གསེབ་ཀྱི་གཞུང་ལམ་དུས་གཅིག་ཏུ་འཆར་འགོད་དང་དུས་གཅིག་ཏུ་འཛུགས་སྐྲུན་བྱེད་དགོས་ཤིང་། འགྲུལ་སྐྱེལ་ལམ་ཐིག་ཀྱང་དུས་གཅིག་ཏུ་ཤར་གཏོང་བྱས་ཏེ། ལམ་དང་སྐྱེལ་འདྲེན་མཐུན་སྦྱོར་འཕེལ་རྒྱས་ཐུབ་པ་བྱེད་དགོས།