《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ཁེ་ལས་ཀྱི་ཐོན་སྐྱེད་སྒྱུར་བར་རྒྱབ་སྐྱོར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རམ་འདེགས་བྱེད་པ།

↑ ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁྲོད་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲོའུ་ཆུས་ཀྱིས་རིམས་འགོག་འཕྲལ་སྡོམ་དངོས་རྫས་ཐོན་སྐྱེད་ཁེ་ལས་ཀྱི་ལག་རྩལ་སྒྱུར་བའི་མ་འཇོག་གི་ཁ་གསབ་དངུལ་དང་། ཞིབ་སྤེལ་གྲོན་དངུལ་གྱི་ཁ་གསབ། དེ་བཞིན་གཙོ་གནད་འགན་ལེན་ཁེ་ལས་ཀྱི་ཡིད་རྟོན་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་ཞིབ་འཇུག་བྱས་ཏེ་བཏོན་ནས་ཁེ་ལས་ཀྱིས་ཐོན་སྐྱེད་སྒྲུབ་རིམ་མམ་ཡང་ན་ཐོན་སྒྱུར་རིགས་སྒྱུར་གྱི་ཐོན་སྐྱེད་སྨན་བཅོས་དངོས་རྫས་ནང་འདྲེན་ལ་རྒྱབ་སྐྱོར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་མཁོ་སྤྲོད་འགན་ལེན་བྱས་ཤིང་། འདི་ནི་ཀྲང་ཡེ་གྲོང་ཁྱེར་ཀན་ཀྲོའུ་ཆུས་ཀྱི་འཕྲུལ་མི་བཟོ་སྐྲུན་ཁེ་ལས་ཤིག་ཏུ་ལས་དོན་པས་སྨན་སྤྱོད་འཕྲུལ་མི་བཅོས་སྒྲིག་བྱེད་བཞིན་པ།