《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ཉིང་ཞ་ཡི་བཟོ་ལས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱུང་བ།

↑ ཉིན་ཤས་གོང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཀྱིས་དངུལ་རྩའི་ཡིད་རྟོན་དངུལ་བུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ནོར་ཁྲལ་ཁུར་པོ་ཡང་དུ་གཏོང་བ། ནོར་སྲིད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་དངོས་ཟོག་གི་ཐོན་སྐྱེད་ཁེ་ལས་ལ་ཞབས་ཞུ་ཡག་པོ་སྒྲུབ་པ་སོགས་ཐད་འབྲེལ་ཡོད་སྲིད་ཇུས་བཏོན་ནས་ཁེ་ལས་ལ་དགེ་མཚན་ལྡན་ལ་བརྟན་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་རམ་འདེགས་བྱས་ཡོད། མིག་སྔར་ཉིང་ཞ་ལྗོངས་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་1184ནང་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་པའི་ཁེ་ལས་1092ཟིན་ནས་ལས་འགོ་བསྐྱར་འཛུགས་བྱེད་ཚད་92.2%ཟིན་ཡོད། དེའི་ཁྲོད་སྣེ་འདྲེན་ཁེ་ལས་60ཚང་མ་ལས་འགོ་བསྐྱར་འཛུགས་ཟིན་པ་རེད། འདི་ནི་ལས་དོན་མི་སྣས་ཉིང་ཞ་ཧྲེ་ཙུའེ་ཧྲན་གྲོང་ཁྱེར་གྱི་ཉིང་ཞ་ལྷ་གྲུ་འགྱིག་འཁོར་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།