《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

རང་རྒྱལ་གྱི་ཁག་དང་པོའི་དར་སྒོང་ཁྲི་25ཨུ་་ཟ་བྷེ་ཁི་སི་ཐན་ལ་བདེ་བླག་ངང་ཕྱིར་གཏོང་བྱས་པ།

↑ཉེ་དུས་རང་རྒྱལ་གྱི་ཁག་དང་པོའི་ཨུ་་ཟ་བྷེ་ཁི་སི་ཐན་ལ་ཕྱིར་གཏོང་བྱེད་པའི་དར་སྒོང་དག་ཧྲན་ཏུང་ཞིང་ཆེན་ཝུའེ་ཕང་འགག་སྒོ་ནས་ཞིབ་བཤེར་དང་རིམས་ནད་ཞིབ་བཤེར་སོགས་ཀྱི་འགག་སྒྲོལ་འགྲོ་ལུགས་གཉེར་མཇུག་འགྲིལ་རྗེས་དོས་སྒམ་ནང་བླུགས་ནས་བདེ་བླག་ངང་ཕྱིར་གཏོང་བྱས་པ་རེད། དར་སྒོང་འདི་རིགས་ཧྲན་ཏུང་ཞིང་ཆེན་ཆིང་ཀྲོའུ་གྲོང་ཁྱེར་ནས་ཅི་ནན་ཡའོ་ཆང་རྒྱལ་སྤྱིའི་གནམ་ཐང་བར་རླངས་འཁོར་ནང་བླུགས་ནས་དབོར་བ་དང་། དེ་ནས་གནམ་གྲུར་བླུགས་ནས་ཝུའུ་ལུའུ་མུའུ་ཆིར་དབོར། དེ་རྗེས་ཆེད་གཏོང་གནམ་གྲུར་བླུགས་ནས་ཕྱི་རྒྱལ་དུ་དབོར་བ་རེད། ཟླ་3ཚེས་21ཉིན་དར་སྒོང་དེ་དག་ཨུ་་ཟ་བྷེ་ཁི་སི་ཐན་ལ་འབྱོར་ཞིང་།

འདི་ནི་ཟླ་3ཚེས་18ཉིན་ཧྲན་ཏུང་ཀོང་ཐུང་དར་སྒོང་ཚོགས་པ་ཚད་ཡོད་ཀུང་སིའི་ལས་མིས་དར་སྒོང་ཐུམ་སྒྲིལ་རྒྱག་བཞིན་པ།