《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས“གནམ་གཤིས་དང་ཆུ”ཞེས་པའི་དྲ་ཐོག་གི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་23ཉིན་གནས་ཚུལ་འབྱོར་གསལ། “3.23”ནི་འཛམ་གླིང་གནམ་གཤིས་ཉིན་མོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་བོད་རང་སྐྱོང་ལྗོངས་གནམ་གཤིས་སློབ་ཚོགས་དང་ལག་གདང་སྦྲེལ་ནས“གནམ་གཤིས་དང་ཆུ”ཞེས་པའི་དྲ་ཐོག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དང་སློབ་གྲྭ་དེ་ཡོངས་ཀྱི་སློབ་མ་2531གིས་ཁྱིམ་བདག་དང་མཉམ་དུ་དྲིལ་བསྒྲགས་བརྙན་ལམ་བལྟས་པ་རེད།

རྒན་སྒྲོལ་མ་ལགས་ཀྱིས“གནམ་གཤིས་དང་ཆུ”ཞེས་པའི་འཛམ་གླིང་གནམ་གཤིས་ཉིན་མོའི་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཡོངས་ལ་སློབ་ཁྲིད་བྱས་ཏེ་2020ལོའི་འཛམ་གླིང་གནམ་གཤིས་ཉིན་མོའི་བརྗོད་དོན་གཙོ་བོ་དང་གནམ་གཤིས་དང་ཆུར་བརྟེན་ནས་མིའི་རིགས་འཚོ་གནས་དང་འཕེལ་རྒྱས་ཐུབ་པ་སོགས་ཀྱི་ནང་དོན་ཁག་དྲུག་བཤད་པ་རེད།

རྒན་སྒྲོལ་མ་ལགས་ཀྱིས་གྲོགས་པོ་ཆུང་ཆུང་ཚོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་བྱ་སྤྱོད་ཧུར་ཐག་སྤེལ་ནས་ལག་ལེན་བྱེད་སྒོ་བརྒྱུད་ཆུ་ནི་ཚེ་སྲོག་འཚོ་གནས་ཐུབ་པར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་དགོས་པ་དང་མཐུན་སྦྱོར་དང་རྒྱུན་སྲིང་ཐུབ་པའི་རྣམ་པའི་ཐོག་ནས་གནམ་གཤིས་དང་ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་པ་དང་རྒྱ་ཆེའི་གནམ་གཤིས་ལས་དོན་པ་དང་མཉམ་དུ“ཆུང་ཙག་ནས་བསམ་གཞིགས་དང་ཆུ་ཐིགས་ཙམ་ལའང་གཅེས་སྤྲས་བྱེད་པའི”བྱ་སྤྱོད་ལ་ཞུགས་ཏེ་རང་ཉིད་དང་ད་ལྟ་ནས་འགོ་བཙུགས་ཏེ་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོང་དེ་བས་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།