《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月25日

ཆབ་མདོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཆབ་མདོ་གྲོང་ཁྱེར་གྱིས་ཁྲོམ་རའི་དངོས་ཟོག“འགན་ལེན་བརྒྱད་དང་བརྟན་པོ་གཅིག”གི་ལས་དོན་དང་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་སྤྱི་འདོམས་ཧུར་ཐག་བྱས་ཏེ“འགན་ལེན་བརྒྱད་དང་བརྟན་པོ་གཅིག”གི་ལས་ཀའི་བླང་བྱར་དམ་པོར་དམིགས་ནས་ལས་ཀའི་འགན་འཁྲི་ཁ་གསལ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་དམངས་འཚོའི་དངོས་ཟོག་ཁྲོམ་རའི་ཐོག་མཁོ་སྤྲོད་འདང་ངེས་དང་། རིན་གོང་གི་གོ་རིམ་ཡག་པོ། ཟོག་གོང་སྤྱིར་བརྟན་པོ་བཅས་ཡོང་བར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་3ཚེས་19ཉིན་བར་འབྲུ་རིགས་གསོག་ཚད་ཏུན་4524.55དང་། བཟའ་སྣུམ་ཏུན་514.38 མར་ཏུན་40 ཕག་ཤ་ཏུན་215.3 ཚགས་ཤ་ཏུན་386.4བཅས་ཟིན་ནས་གསོག་ཚད་འདང་ངེས་ཡོད་པ་རེད།

ཆབ་མདོ་གྲོང་ཁྱེར་གྱིས་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཏེ་2020ལོར་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་93གྱི་རྣམ་གྲངས་ཆུང་གྲས་264བཀོད་སྒྲིག་བྱས་ཏེ་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་210གཏོང་རྩིས་ཡོད་པའི་ཁྲོད་མཐུད་སྐྲུན་རྣམ་གྲངས་51གི་རྣམ་གྲངས་ཆུང་གྲས་152ཡོད་པར་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་165གཏོང་རྩིས་ཡོད་པ་དང་། གསར་སྐྲུན་རྣམ་གྲངས་42ཀྱི་རྣམ་གྲངས་ཆུང་གྲས་112ཡོད་པར་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་45གཏོང་རྩིས་ཡོད་པ་རེད། ཟླ་3ཚེས་20ཉིན་བར་གྲོང་ཁྱེར་དེ་ཡོངས་ཀྱིས་ལས་འགོ་འཛུགས་པ་དང་བསྐྱར་འཛུགས་རྣམ་གྲངས་ཀྱི་རྣམ་གྲངས་ཆུང་གྲས་145ལས་འགོ་འཛུགས་པ་དང་བསྐྱར་འཛུགས་བྱེད་ཚད་55%ཟིན་ཡོད་པ་རེད།

(བདེ་སྐྱིད་ཀྱིས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)