《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月24日

སྔ་འཛིན་ཕྱི་གཏོད་ཀྱིས་བོད་འདི་ཉིད་གོམ་ཞེང་ཆེན་པོས་དུས་རབས་གསར་པར་སླེབས་པ།

“1959ལོའི་ཟླ་3ཚེས་28ཉིན་ནི་གནའ་བོའི་བོད་ལྗོངས་མུན་ནག་ནས་འོད་སྟོང་འབར་བའི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་གསར་པ་ཡིན་པ་སྟེ། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། དཀའ་སྡུག་ནས་འོད་ཟེར་སྟོང་ལྡན་གྱི་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་མི་གཤིས་ལ་བཅིངས་འགྲོལ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་པའི་གལ་ཆེའི་ལེའུ་བརྩམས་པ་རེད”ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སྲིད་ཁྲིམས་སློབ་དཔྱོད་ཁང་གི་འཆད་ཁྲིད་དགེ་རྒན་ཡོན་ཅིང་ལེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ་བོད་རྙིང་པ་དེ་དེང་རབས་ཤེས་དཔལ་ནས་རྗེས་ལུས་ཐེབས་པའི་ཁེར་ཆགས་གླིང་ཕྲན་ལྟ་བུར་གྱུར་བ་དེའི་རྣམ་པ་དངོས་ནི་མུན་ནག་དང་གདུག་རྩུབ་རེད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱའི་འདྲ་མཉམ་མེད་པའི་གནས་བབ་དེ་ཁྲིམས་ཀྱིས་ཤུགས་ཆེ་རུ་བཏང་བ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ནས་ཀྱང་ཁོང་ཚོའི་ལུས་པོར་ཁྲལ་འུ་ལག་གི་བཤུ་གཞོག་ཆེན་པོ་ཕོག་ནས་ལྟོས་གྲོད་པ་མི་རྒྱགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཅི་ཡང་མེད་པའི་འཚོ་བ་སྐྱེལ་དགོས་བྱུང་བ་དང་། བསམ་བློའི་ཐད་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་དབང་སྒྱུར་གྲལ་རིམ་གྱིས་ཆོས་ལུགས་དེ་རང་ངོས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ལག་ཆར་བརྩིས་ཏེ། ཞིང་བྲན་དང་བྲན་གཡོག་གི་ཚེ་འདི་དབང་སྒྱུར་བྱས་པ་མ་ཟད། ད་དུང་ཁོང་ཚོའི་ཚེ་ཕྱི་མ་ཡང་གཏན་འཁེལ་བྱེད་ཐུབ་ཚུལ་ཤོད་ཀྱི་ཡོད། ངོ་ལོག་གི་ལམ་ལུགས་དེ་འདྲའི་འོག་ཏུ་བོད་ཀྱི་སྤྱི་ཚོགས་ཀྱི་གསོན་ཤུགས་ཉམས་ནས། འཕེལ་མེད་རང་སོར་ལུས་པ་དང་། ཚོང་ལས་དང་ཚན་སློབ་རིག་འཕྲོད་བཅས་ཕྱོགས་ཁག་སྤྱིར་ན་སྟོང་རྐྱང་དུ་ལུས་ཡོད། འཛམ་གླིང་ཐོག་བྲན་གཡོག་ལམ་ལུགས་མེད་པ་བཟོས་ནས་ལོ་བརྒྱ་ཙམ་སོང་རྗེས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱང་སྔ་ས་ནས་གནས་ཐབས་བྲལ་བ་དང་། རྒྱ་ཆེའི་ཞིང་བྲན་འཁྱག་ལྟོགས་ཀྱིས་མནར་ནས་འཚོ་ཐབས་བྲལ་བས། རེ་བ་ཅི་ཡང་མེད་པའི་གནས་དེ་ལས་ཐར་ཕྱིར་བྲོས་བྱོལ་དུ་འགྲོ་བ་དང་། ཁྲལ་དང་འུ་ལག་ལ་རྒོལ་བའི་དྲག་པོའི་ངོ་རྒོལ་བྱས་ནས། སྤྱི་ཚོགས་རྩ་ཐོར་དུ་འགྲོ་བའི་ཉེན་ཁའི་གནས་སུ་གྱར་ཞེས་བརྗོད།

1959ལོའི་ཟླ་3པར་བོད་ཀྱི་བཀའ་ཤག་ངོ་ལོག་ཚོགས་པས་ལོ་རྒྱུས་ཀྱི་རླབས་རྒྱུན་དང་བོད་མི་དམངས་ཀྱི་འདོད་མོས་དང་རྒྱབ་འགལ་བྱས་ཏེ། མེས་རྒྱལ་ཁ་ཕྲལ་དུ་གཏོང་བ་དང་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྲུང་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་ཕྱོགས་ཡོངས་ནས་བསླངས་བས། ཏང་ཀྲུང་དབྱང་གིས་བློ་ཐག་རྦད་བཅད་ཀྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ་དང་འབྲེལ། བོད་མི་དམངས་ཀྱི་རེ་བ་ནན་པོར་གཞིགས་པ་དང་བོད་ཀྱི་མཐོ་རིམ་རྒྱལ་གཅེས་མི་སྣའི་བསམ་འཆར་བསྡུས་ནས“ཕྱོགས་གཅིག་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ་དང་། གཅིག་ཤོས་ནས་བཅོས་སྒྱུར་བྱེད་པའི”ཐབས་ཇུས་གལ་ཆེན་གཏན་འཁེལ་གནང་བ་རེད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ཡོན་ཅིང་ལེས། བཅོས་སྒྱུར་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་གིས་གསར་གཏོད་རང་བཞིན་གྱི་སྒོ་ནས་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཀྲུང་དབྱང་གི་མཛད་ཕྱོགས་རྩ་དོན་བཅས་བོད་ཀྱི་ཞིབ་ཕྲའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། སྲིད་ཇུས་བཟོ་བ་དང་ལས་དོན་ལ་ཁྲིད་སྟོན་གནང་བ་རེད། བཅོས་སྒྱུར་གྱི་དུས་འགོར་ཏང་ཀྲུང་དབྱང་གིས“ཞི་བའི་བཅོས་སྒྱུར་དང་། ཁྱད་པར་ཡོད་པའི་ལྟ་སྟངས་འཛིན་པའི”ལས་ཀའི་མཛད་ཕྱོགས་གཏན་འཁེལ་གྱིས་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་པར་ཞི་བའི་བཅོས་སྒྱུར་བྱེད་པ་ལས་དྲག་པོའི་འཐབ་རྩོད་ལ་གཙོ་བོ་བརྟེན་རྒྱུ་མེད་པ་ཁ་གསལ་བཏོན་གནང་ཡོད། ཞིབ་ཕྲའི་ལག་ལེན་ཁྲོད་དུ་ཏང་ཀྲུང་དབྱང་གི“ཁྱད་པར་ཡོད་པའི་ལྟ་སྟངས་འཛིན་པའི”དགོངས་པ་གཙོ་བོ་ཕྱོགས་གཉིས་ནས་མཚོན་པ་སྟེ། གཅིག་ནས་བོད་དུ་གྲལ་རིམ་དབྱེ་བ་ལས་ཞིང་པ་ཕྱུག་པོ་མི་དབྱེ་བའི་རིགས་པའི་གཞུང་ལུགས་གསར་གཏོད་གནང་ཞིང་། བོད་རྙིང་པ་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་ཡིན་པ་དང་། ཞིང་བྲན་ལ་ས་ཞིང་གི་རང་བདག་དབང་ཆ་མེད་པ་དང་རང་གི་མི་ཚེ་ཞིང་བྲན་བདག་པོར་སྐྱབས་བཅོལ་དགོས། གྲོང་གསེབ་ཏུ་རང་བདག་ས་ཞིང་མེད་པའམ་ཆེས་ཉུང་ཤས་ལས་མེད་པ་མ་ཟད། རང་མོས་གླ་པའང་མེད། གྲོང་གསེབ་ཀྱི་མ་རྩ་རིང་ལུགས་འཕེལ་རྒྱས་གཏོང་ཐུབ་མེད་པས། བོད་ཀྱི་གྲོང་གསེབ་ཏུ་ཞིང་པ་ཕྱུག་པོའི་གྲལ་རིམ་མེད། གཉིས་ནས་བོད་ཀྱི་ཞིང་ཁུལ་དང་། འབྲོག་ཁུལ། དགོན་སྡེ། གྲོང་ཁྱེར་དང་གྲོང་རྡལ། མཐའ་མཚམས་ས་ཁུལ་བཅས་ཀྱི་གནས་ཚུལ་མི་འདྲ་བར་གཞིགས་ནས་དམངས་གཙོའི་བཅོས་སྒྱུར་གྱི་བླང་བྱ་མི་འདྲ་བ་འདོན་པ་དང་། བྱ་ཐབས་དང་བརྒྱུད་རིམ་མི་འདྲ་བ་གཏན་འཁེལ་བྱས་ཏེ། རིགས་དབྱེའི་ཁྲིད་སྟོན་དང་གོམ་སྟབས་དབྱེ་ནས་ལག་ལེན་བསྟར་བའི་ཐོག་ནས་ངོ་ལོག་ཟིང་འཁྲུག་ནང་མ་ཞུགས་པའི་ཞིང་བྲན་བདག་པོ་དང་མངའ་ཚབ་ཀྱི་ཐོན་སྐྱེད་རྒྱུ་ཆར་བསླུ་ཉོའི་སྲིད་ཇུས་ལག་ལེན་བསྟར་བ་རེད། ཏང་ཀྲུང་དབྱང་གི་སྲིད་ཇུས་དེ་དག་གིས་ཕྱོགས་གཅིག་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་དང་མངོན་མེད་ཀྱི་ངོ་ལོག་ཟིང་འཁྲུག་པར་རྡུང་རྡེག་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་གོ་སྐབས་མ་ཤོར་བར་དམངས་གཙོའི་བཅོས་སྒྱུར་ལས་དོན་སྤེལ་ཐུབ་ནས། གསར་བརྗེའི་རྨང་གཞི་མེད་པའི་བོད་ནས་དགེ་མཚན་ལྡན་པའི་གཞི་རྒྱུ་ཡོད་ཚད་སྐོང་འཐེན་བྱེད་པ་དང་། མི་མང་ཆེ་བར་བརྟེན་པའམ་མཐུན་སྒྲིལ་བྱེད་པ། ཆེས་ཉུང་ཤས་ཁེར་རྐྱང་དུ་འཇོག་པ་དང་རྡུང་རྡེག་གཏོང་བ། གཟི་རྔམ་ཆེ་བའི་མི་དམངས་གསར་བརྗེའི་དཔུང་ཆེན་འཛུགས་པ་བཅས་བྱས་ཏེ། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡོངས་སུ་མགོ་རྟིང་སློག་པ་རེད།

དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཀྲུང་གོ་གུང་ཁྲན་ཏང་གི་བོད་སྐྱོང་མཛད་ཇུས་དེ་གཟབ་ནན་ངང་འཕེལ་རྒྱས་བརྟན་པོ་དང་། འཕེལ་རྒྱས་མགྱོགས་པོ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་སོགས་དུས་མཚམས་མི་འདྲ་བ་བརྒྱུད་ཡོད། བོད་དུ་སྲིད་སྐྱོང་བའི་ལོ་བཅུ་ཕྲག་གི་ཉམས་མྱོང་གི་རྨང་གཞིའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་དྲུག”གི་བོད་སྐྱོང་མཛད་ཇུས་བཏོན་གནང་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་བོད་སྐྱོང་དགོངས་པའི་ལྟེ་བ་དང་གཞི་རྩའི་ཆབ་སྲིད་འགན་སྲུང་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་ནི་བོད་སྐྱོང་བའི་གཞི་རྩའི་སྤྱི་ཚོགས་ལམ་ལུགས་ཀྱི་འགན་སྲུང་ཡིན། “ངེས་པར་དུ་དྲུག”གི་བོད་སྐྱོང་མཛད་ཇུས་དེ་དང་ཐོག་ཏང་ཀྲུང་དབྱང་གིས་བོད་དུ་ཞི་བའི་བཅིངས་འགྲོལ་གཏོང་བ་དང་། ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བ། དམངས་གཙོའི་བཅོས་སྒྱུར་བྱེད་པ། རང་སྐྱོང་ལྗོངས་དབུ་བརྙེས་པ་སོགས་གཏན་འཁེལ་གནང་བའི་འགག་རྩའི་ལོ་རྒྱུས་ཀྱི་མཚམས་ཚིགས་ནས་འགོ་ཚུགས་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བཅུ་ཕྲག་འགའི་རིང་བོད་སྐྱོང་དང་། བོད་སྐྲུན། བོད་བརྟན། བོད་དར་བཅས་གནང་བའི་དགོངས་པའི་མཛད་ཕྱོགས་ལ་ཚད་མཐོའི་ཕྱོགས་སྡོམ་དང་ཕྱོགས་བསྡུས་གནང་བ་ཞིག་ཡིན་པ་དེར་སྐབས་རིམ་བྱུང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་བོད་སྐྱོང་བློ་གྲོས་དང་ཐུགས་ནུས་གཅིག་ཏུ་སྒྲིལ་ཡོད།

ཡོན་ཅིང་ལེས་བརྗོད་དོན། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་ཡོད་པ་དང་། 2019ལོའི་ཟླ་12ཚེས་9ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་མཇུག་མཐའི་རྫོང(ཆུས)དབུལ་པོ་19རྫོང(ཆུས)དབུལ་པོའི་ཁོངས་ནས་ཕྱིར་འཐེན་པའི་ཆོག་མཆན་གནང་བ་དེས་བོད་ཀྱི་རྫོང(ཆུས)74ཕྱོགས་ཡོངས་ནས་དབུལ་སྒྲོལ་བྱུང་བ་མཚོན་ཡོད།

ལག་ལེན་དངོས་ལས་ར་སྤྲོད་གང་ལེགས་བྱུང་བར། བོད་ཀྱི་ལས་དོན་སྐོར་གྱི་རང་རེའི་ཏང་གི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་རྦད་དེ་ཡང་དག་པ་དང་། ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་མ་ཟད། རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པ་དང་། བོད་ཀྱི་དོན་དངོས་དང་འཚམ་པ། བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་འཚམ་པ་བཅས་རེད། བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ན། ང་ཚོས་ངེས་པར་དུ་ཏང་གི་བོད་སྐྱོང་མཛད་ཛུས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་བོད་སྐྱོང་མཛད་ཇུས་ལ་ཡིད་ཆེས་བརྟན་པོ་བྱེད་དགོས་པ་མ་ཟད། ལག་ལེན་ཁྲོད་མུ་མཐུད་ཕུན་སུམ་ཇེ་ཚོགས་དང་། འཐུས་སྒོ་ཇེ་ཚང་། འཕེལ་རྒྱས་བཅས་གཏོང་དགོས།

(དོན་གྲུབ་ཀྱིས་བསྒྱུར། དོན་གྲུབ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)