《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月21日

སྤེན་པ་བཀྲ་ཤིས་ཀྱིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་བརྟག་ཞིབ་ དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཕེབས་ཏེ་བརྟག་ཞིབ་དང་བཞུགས་མོལ་གནང་བ་དང་། བོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གྲངས་གཞི་ཅན་གྱི་རྣམ་གྲངས་འཛུགས་སྐྱོང་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་མ་ཟད། རང་ལྗོངས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་སྤེལ་ཚུལ་ཡང་གསན་པ་རེད།

སྤེན་པ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་གཏོང་དགོས་ཤིང་། གནད་དོན་དངོས་ལ་ཞིབ་འཇུག་བྱ་རྒྱུ་དེ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བ་དང་། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་མགྱོགས་མྱུར་འཛུགས་སྐྲུན་བྱ་ཆེད་ཞབས་འདེགས་ཞུ་དགོས་པ་དང་། གཉིས་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དགོས་ཤིང་། རྒྱུན་གཏན་ཅན་གྱི་སྒོ་ནས་ཞིང་ནང་དུ་བརྟག་དཔྱད་བྱེད་པར་བསྐྱོད་དེ་དོན་དངོས་ལ་ལྟ་ཞིབ་དང་། འགྱུར་ལྡོག་ཟིན་འགོད། གྲུབ་འབྲས་ཕྱོགས་སྡོམ། ཉམས་མྱོང་ཞུན་བརྡར་བཅས་བྱས་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་གིས་ལག་ལེན་དངོས་ལ་ཞབས་འདེགས་ཞུ་དགོས་པ། གསུམ་ནས་གཙོ་གནད་འབུར་དུ་ཐོན་པ་དང་དཀའ་གནད་ལས་སྒྲོལ་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་ཏག་ཏིག་བརྒྱབ་ནས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་ཤོས་སྤྱད་དེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལས་དོན་ལ་མཛུབ་ཁྲིད་བྱེད་པ། ཞིབ་འཇུག་ལ་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་སོགས་དངོས་ཡོད་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམ་པོར་དམིགས་ཏེ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལ་ཕན་འབྲས་ཐོན་པ་དང་ཆུ་ཚད་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ནང་དྲིལ་བསྒྲགས་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ལས་རིགས་ཁག་ནང་ནུས་པ་དངོས་ཐོན་པ་བྱེད་དགོས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)