《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

སྣེའུ་ཁྲོམ་གཞུང་གིས།

འཕྲོད་བསྟེན་དཔྱད་བསྡུར་བྱས་ནས་ཤེས་དཔལ་གྲོང་ཚོ(གྲོང་ལྷན)བཏོད་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། སྣེའུ་ཁུལ་གསར་སྣེའུ་ཁྲོམ་གཞུང་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཏེ། རང་ཉིད་ཀྱི་ཁང་པའི་ཕྱི་ནང་ལ་གཙང་སྦྲ་བྱེད་པར་ཁྲིད་སྟོན་དང་། གྲོང་ཚོ་དང་ཁྱིམ་ཚང་གི་གཙང་སྦྲར་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་ནས་གཙང་སྦྲ་དང་། འཕྲོད་བསྟེན། བག་ཕེབས་བཅས་ཀྱི་སྡོད་མལ་ཁོར་ཡུག་མཉམ་དུ་བཏོད་པ་རེད།

གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག གཤམ་སྐྱོད་ལས་བྱེད་པ། གྲོང་དོན་ལྟ་སྐུལ་ཨུ་ལྷན་སོགས་ཀྱིས་གྲོང་ཚོའི(གྲོང་ལྷན)དཔྱད་བསྡུར་ཚོགས་ཆུང་བཙུགས་ནས། གྲོང་ཚོ(གྲོང་ལྷན)ཁོངས་གཏོགས་ཀྱི་ཁྱིམ་ཚང་ལ་དཔྱད་བསྡུར་བྱས་པ་དང་། སྒོ་ར་གཙང་ཞིང་ཅ་དངོས་གྲལ་འགྲིག་པ་དང་། ཁང་པའི་ནང་གཙང་སྦྲ་ལྡན་པ། དངོས་ཟོག་སྒྲིག་མཁས་པ། བ་ཚང་གཙང་སྦྲ་དོད་པ། གད་སྙིགས་རིགས་དབྱེ་སོགས་ཕྱོགས་ལྔའི་ཐད་ནས་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་མ་ཟད། གྲོང་ཚོ(གྲོང་ལྷན)ཁག་ལ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ཟུང་འབྲེལ་བྱས་ནས། གྲོང་ཚོའི(གྲོང་ལྷན)བཅོས་སྐྱོང་གི་བསམ་ཕྱོགས་གསར་པ་རྒྱ་ཆེར་གཏོང་བ་དང་། ཕུགས་ཕན་བཅོས་སྐྱོང་ལམ་སྲོལ་བཙུགས་ནས་བྱ་ཐབས་སྣ་མང་ལ་བརྟེན་ཏེ་འཕྲོད་བསྟེན་དང་། སྡོད་མལ། ཤེས་དཔལ་བཅས་ཀྱི་གྲོང་ཚོ(གྲོང་ལྷན)བཏོད་དགོས་པའི་ཁྲིད་སྟོན་བྱས་པ་རེད།