《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

གཉའ་ནང་རྫོང་གིས།

གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། གྲོང་གསེབ་གཞི་རིམ་གྱི་རྨང་གཞིའི་སྒྲིག་ཆས་སྔར་བས་ལེགས་སུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་ཡག་པོ་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། འདི་ལོ་གཉའ་ནང་རྫོང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་དེའི་ཞོར་གཏོགས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

འཛུགས་སྐྲུན་བྱེད་རིང་། ཆབ་སྲིད་ཀྱི་བྱེད་ནུས་མངོན་གསལ་དོད་པོ་ཡོང་རྒྱུར་མཐོང་ཆེན་དང་། ཞབས་ཞུའི་བྱེད་ནུས་མངོན་གསལ་དོད་དུ་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོ་སྐོང་བ། འཕྲོད་བསྟེན་ཁང་དང་། དམངས་ཕན་སྒོ་རྩིས་ཚོང་ཁང་སོགས་ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་ཆས་ཡག་པོ་བསྐྲུན་ནས། མང་ཚོགས་ལ་ནད་ཚ་ལྟ་སའི་སྨན་ཁང་ཡོད་པ་དང་། བྱེད་སྒོ་སྤེལ་ཡུལ་ཡོད་པ། རོལ་རྩེད་ཁང་ཡོད་པ་བཅས་འགན་ལེན་བྱས་པ་རེད།

རིམ་པ་དེ་གའི་མ་དངུལ་ལ་ཚན་རིག་དང་མཐུན་པའི་བསྡུ་སྒྲིལ་དང་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུའི་མ་དངུལ་སྒོར་ཁྲི་3700བེད་སྤྱོད་ཡག་པོ་བཏང་བ་དང་འབྲེལ། གྲོང་ཚོ་རིམ་པའི་རྩ་འཛུཌ་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཞོར་གཏོགས་སྒྲིག་ཆས་འཛུགས་སྐྲུན་ལ་ནུས་ཤུཌ་ཡོད་རྒུས་འགན་ལེན་བྱས་པ་རེད།