《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

སྙེ་མོ་རྫོང་ཧང་ཐེན་སོན་བཟང་འདེབས་གསོའི་རྟེན་གཞིས།

སྒྲིག་བཀོད་ཞིང་ལས་ཀྱི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་ཧང་ཐེན་སོན་བཟང་འདེབས་གསོ་དང་ཐོན་ལས་ཅན་ཁྱབ་སྤེལ་ཉེར་སྤྱོད་འཛུགས་སྐྲུན་རྣམ་གྲངས་ནི། པེ་ཅིང་གི་གཙོ་གནད་རོགས་སྐྲུན་རྣམ་གྲངས་ཡིན་ཞིང་། རྣམ་གྲངས་ཀྱིས་ཏང་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས། མཉམ་ལས་ཁང་། དུད་ཚང་དབུལ་པོ་བཅས་ཟུང་དུ་འབྲེལ་བའི་འཁོར་སྐྱོད་རྣམ་པ་ལག་ལེན་བསྟར་བ་མ་ཟད། ལས་བྱེད་པས“གཅིག་གཏད་གཅིག”གིས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ཧུར་ཐག་བྱས་པས། སྙེ་མོ་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་འབབ་འཕར་ཕྱུག་འགྱུར་དང་། རྫོང་ཡོངས་ཀྱི་སྒྲིག་བཀོད་ཞིང་ལས་ཀྱི་གོ་རིམ་ལྡན་པའི་ངང་འཕེལ་རྒྱས། དེ་བཞིན་མང་ཚོཌ་ཀྱི་འབབ་འཕར་ཕྱུག་འགྱུར་བཅས་ལ་སྐུལ་ཁྲིད་ཐུབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྙེ་མོ་རྫོང་ས་མཐོའི་འདེབས་འཛུགས་ལས་རིགས་ཧང་ཐེན་སོན་བཟང་འདེབས་གསོ་དང་ཐོན་ལས་ཅན་ཁྱབ་སྤེལ་རྟེན་གཞིར་ས་ཆ་མུའུ་150ཡོད་ཅིང་། དེའི་ནང་སྨི་ངོས་གྲུ་3808ཟིན་པའི་རིག་ནུས་ཡུག་སྦྲེལ་དྲོད་ཁང་དང་སྨི་ངོས་གྲུ་12180ཟིན་པའི་ཉི་འོད་དྲོད་ཁང་ཚུད་ཡོད། རྟེན་གཞི་ནས་ཧང་ཐེན་སོན་བཟང་འདེབས་གསོའི་རྟེན་གཞིས་འདེབས་གསོ་བྱས་པའི་སུར་པན་དང་། ཀྲོ་མ་ཀྲུ། ཧོང་ཀྭ ནན་ཀྭ ཤིས་ཀྭ ཐེན་ཀྭ་སོགས་འདེབས་འཛུགས་བྱས་ཡོད། འདེབས་འཛུགས་བྱེད་རིང་། སྲོལ་རྒྱུན་གྱི་སྐྱེ་ལྡན་སྣོད་བཅུད་འདེབས་འཛུགས་བྱེད་སྟངས་སྤྱད་ནས་སྤུས་ཚད་དང་། བདེ་འཇགས། བདེ་ཐང་། འཚོ་བཅུད། སྐྱེ་ལྡན་བཅས་ལ་འགན་ལེན་བྱེད་ཀྱི་ཡོད་པ་རེད།

2019ལོའི་ལོ་མཇུག་བར། སྙེ་མོ་རྫོང་ཧང་ཐེན་སོན་བཟང་འདེབས་གསོའི་རྟེན་གཞིར། ཁྱོན་བསྡོམས“གཅིག་གཏད་གཅིག”གི་ཐོན་ལས་རོགས་སྐྱོར་ལས་བྱེད་པ་6ཡོད་པ་དང་། ཁོང་ཚོས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་98ལ་འདེབས་འཛུགས་ལག་རྩལ“དམར་ཁྲིད”བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་6ལག་རྩལ་གྱི་རྐང་འཛིན་པར་གྱུར་ནས་མང་ཚོགས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བྱུང་བ་དང་། མང་ཚོགས་ཀྱི་ཤེས་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ད་དུང་མི་རིགས་མཐུན་སྒྲིལ་ཟབ་ཏུ་ཕྱིན་ཡོད་པ་རེད། སྙེ་མོ་རྫོང་ཧང་ཐེན་སོན་བཟང་འདེབས་གསོའི་རྟེན་གཞི་ན་ནིང་གི་ཟླ་5པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་སྣེ་ཁྲིད་བྱས་པས་འབབ་འཕར་སྒོར་ཁྲི་35ལྷག་ཙམ་བྱུང་བ་དང་། 2019ལོར་རྫོང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། “གཅིག་གཏད་གཅིག”གི་ལས་བྱེད་པའི་རོགས་སྐྱོར། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་བཅས་ཀྱི་འབད་བརྩོན་འོག རྟེན་གཞིར་ཐོན་རྫས་རིན་ཐང་སྒོར་ཁྲི་70ལྷག་ཙམ་དང་ཁེ་སྤོགས་སྒོར་ཁྲི་40ལྷག་ཙམ་ཡོང་རྒྱུ་མ་ཟད། མ་དངུལ་མང་ཆེ་བ་དུད་ཚང་དབུལ་པོར་ངལ་ལས་ཀྱི་ཁེ་སྤོགས་སྤྲོད་པར་སྤྱོད་རྒྱུ་རེད།

(ཚེ་ལྷས་བསྒྱུར། སྤེན་ཚེས་ཞུས)