《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

ལས་གནས་སུ་ལོག་པ་དང་ལས་འགོ་ཡང་བསྐྱར་བཙུགས་ནས་ཐོན་སྐྱེད་ལ་བྲེལ།

གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བདེ་ཆེན་3900གཞིས་ཀ་ཚད་ཡོད་ཀུང་སིས“ས་གྲོལ”རྣམ་པའི་འཛུགས་གཏོད་ལ་གཞིགས་ནས། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ལ་གཞོལ་ཏེ་ལོར་ནས་ཏུན་50000དང་རྩམ་པ་ཏུན་50000ལས་སྣོན་ཐུབ་པའི་ཕྱོགས་བསྡུས་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་ཡོད། 2019ལོར་བསམ་གྲུབ་རྩེ་ཆུས་དང་། དིང་རི་རྫོང་། ངམ་རིང་རྫོང་བཅས་ལ་ཡོང་འབབ་སྒོར་ཁྲི་230བགོས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་618ཀྱི་མི་2764དབུལ་ཞྭ་ཕུད་པར་སྐུལ་ཁྲིད་བྱས་ཡོད། མིག་སྔར། ཀུང་སི་དེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཉིན་རེར་ནས་འབྲས་དང་རྩམ་པ་ཏུན་80ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད་ཅིང་།

འདི་ནི་བཟོ་པས་འཁོར་ཁང་དུ་ཐོན་སྐྱེད་ལ་བྲེལ་བཞིན་པ།