《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月20日

གེ་དམར་གྲོང་ཚོར་མི་སྣ་གྲཌ་ཅན་ཞིག་ཐོན་པ།

—— ཤན་རྩ་རྫོང་གི་ལས་གཏོད་གཞོན་ནུ་ཀུན་དགའ་རིན་ ཆེན་གྱི་སྐོར་བཀོད་པ།

ཤན་རྩ་རྫོང་ཐར་མ་ཤང་གེ་དམར་གྲོང་ཚོར་སྐྱོད་སྐབས། “ཀུན་དགའ་རིན་ཆེན”ཞེས་པའི་མིང་འདི་འབོད་མ་ཐག་ཁོང་གི་གཏམ་རྒྱུད་མ་ཤེས་མཁན་ཧ་ལམ་མེད།

1988ལོར་སྐྱེས་པའི་གེ་དམར་གྲོང་ཚོའི་གྲོང་མི་ཀུན་དགའ་རིན་ཆེན་ལ་ད་དུང་ཐོབ་ཐང་གཞན་ཞིག་ཡོད་པ་ནི་གེ་དམར་དར་འཕེལ་འཛུགས་སྐྲུན་ཚད་ཡོད་ཀུང་སིའི་ཁྲིམས་མི་རེད།

ཆུང་དུས་ཁྱིམ་ཚང་གི་ཆ་རྐྱེན་ཞན་པས་ཀུན་དགའ་རིན་ཆེན་སློབ་ཆུང་ཐོན་རྗེས་སློབ་མཚམས་མ་བཞག་ཀ་མེད་བྱུང་སྟེ། སྔ་ས་ནས་ཕྱིར་ལས་གཉེར་ལ་བསྐྱོད་པ་དང་། གཙོ་བོ་འཛུགས་སྐྲུན་ཐད་ཀྱི་ལས་ཀ་བྱས།

སློབ་གྲྭ་ལོ་ཁ་ཤས་ལས་འགྲིམ་མྱོང་མེད་ལ་ལག་རྩལ་བྱང་ཆུབ་པ་སྣ་གཅིག་ཀྱང་མེད་པས། ཀུན་དགའ་རིན་ཆེན་གྱི་གླ་པར་སྐྱོད་པའི་ལམ་བུར་དཀའ་ཚེགས་དང་འགལ་རྐྱེན་སྣ་ཚོགས་ཕྲད། དེ་ལས་ཀུན་དགའ་རིན་ཆེན་གྱིས་ལས་དབང་ལ་འགྱུར་ལྡོག་གཏོང་དགོས་ཚེ་རྩལ་ནུས་ཤེས་པ་ཙམ་གྱིས་མི་ཆོག་པར་རིག་གནས་ཀྱི་ཆུ་ཚད་ཀྱང་མཐོ་རུ་གཏོང་དགོས་པའི་ངོས་འཛིན་གཏིང་ཟབ་སྐྱེས།

དེ་རྗེས་ཀུན་དགའ་རིན་ཆེན་གྱིས་ཨར་པོ་རྒྱག་ཡུལ་དུ་སློབ་སྦྱོང་དང་། ལྟ་དཔྱད། བློ་འཛིན་བཅས་བྱས་པ་དང་། དགེ་རྒན་རྒན་གྲས་ཚོར་ཨར་པོའི་གནད་དོན་སྣ་ཚོགས་བཀའ་འདྲི་ཞུས། ལས་ཀའི་བར་གསེང་དུ་བློ་རྩེ་གཅིག་སྒྲིམ་གྱིས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱངས་པ་མ་ཟད། རྒྱལ་ཁབ་དང་ལྗོངས་ནང་ཁུལ་གྱི་དོན་ཆེན་ཤེས་རྟོགས་བྱས། རང་འགུལ་ངང་ཏང་རྩ་འཛུགས་དང་ཉེ་བར་བཅར་ནས་2011ལོར་ལོ་23ལ་སླེབས་པའི་ཀུན་དགའ་རིན་ཆེན་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

གོ་སྐབས་ནི་ནམ་ཡང་གྲ་སྒྲིག་བྱེད་མཁན་ལ་དབང་། 2016ལོར་རྒྱལ་ཡོངས་ཀྱི་ས་ཕྱོགས་ཁག་ཏུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་ཚུགས་ཤིང་། ཀུན་དགའ་རིན་ཆེན་གྱིས་རང་ཉིད་ཀྱི་གསོག་དངུལ་སྒོར་ཁྲི་5བཏོན་ཏེ་ཤང་སྲིད་གཞུང་ལ་རང་ཉིད་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་འདོད་བློ་ཞུས། ཤང་སྲིད་གཞུང་གིས་གྲོས་བསྡུར་བྱས་པ་བརྒྱུད། ཀུན་དགའ་རིན་ཆེན་ལ་དར་འཕེལ་འཛུགས་སྐྲུན་ཚད་ཡོད་ཀུང་སི་འཛུགས་རོགས་བྱེད་རྒྱུའི་གཏན་འཁེལ་བྱས་པ་དང་། གཙོ་བོ་ཨར་ལས་ཐད་ཀྱི་ལས་རིགས་སྒྲུབ་དགོས་ཀྱི་ཡོད།

ཐར་མ་ཤང་གི་ཕུལ་བྱུང་གཞོན་ནུའི་མཚོན་བྱེད་ཅིག་གི་ངོས་ནས། ཀུན་དགའ་རིན་ཆེན་གྱིས་ལས་མི་བསྡུ་སྐབས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ཕྱོགས་ཏེ་སྔ་རྗེས་སུ་ཤང་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་180ལྷག་ཙམ་ལས་ཞུགས་ཐུབ་པ་བྱས་ཡོད། ཐོག་མར་མི་དེ་དག་ལ་ལག་རྩལ་དང་གདེང་ཚོད་མེད་ལ། ངང་རྒྱུད་ཀྱང་མེད། ཁག་གཅིག་ལ་ད་དུང་ལས་ཀ་བྱེད་འདོད་ཀྱང་མེད། གནད་དོན་དེ་དག་གིས་ཀུན་དགའ་རིན་ཆེན་ལ་དཀའ་ངལ་ཆེན་པོ་བཟོས།

གནས་བབ་དེར་འགྱུར་ལྡོག་གཏོང་ཆེད། ཀུན་དགའ་རིན་ཆེན་གྱིས་ལས་བཟོ་ཚོ་དང་མཉམ་བཟའ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱས་པ་དང་འབྲེལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་དང་ཡུན་རིང་རང་བཞིན་གྱི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་སྤེལ་བ་རེད། ཀུན་དགའ་རིན་ཆེན་གྱི་སྐུལ་ཁྲིད་འོག་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་རིམ་བཞིན་བསམ་བློའི་ཐད་ཀྱི“རྡོག་ཁྲེས”ཕབ་ནས་ཨར་པོའི་རུ་ཁག་གི་ལས་དོན་ལ་ཧུར་ཐག་ཞུགས་པ་མ་ཟད། ཀུང་སིས་ཀྱང་སློབ་སྦྱོང་ལ་སྣང་ཆེན་དང་། ལག་རྩལ་ལ་སྣང་ཆེན། འཇོན་ཐང་ལ་སྣང་ཆེན་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

2017ལོའི་ཚུན་དུ་ཀུང་སིས་སྔ་རྗེས་སུ་ས་བབ་མཐོ་བའི་ཕྱུཌ་ར་དང་། དངོས་ཟོག་གྲབས་གསོག་ཁང་། ཡུལ་གཞན་དུ་གནས་སྤོས་སོཌ་ཀྱི་རྣམ་གྲངས་འགན་ཁུར་ཏེ་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་བརྒྱ་ཙམ་བྱུང་བ་མ་ཟད། དེ་དག་དཀའ་ངལ་ཡོད་པའི་དུད་ཚང་ལ་བགོ་བཤའ་བརྒྱབ་པ་རེད། 2019ལོའི་ཚུན་དུ་ཀུང་སིའི་ཨར་པོའི་རུ་ཁག་གིས་ས་བབ་མཐོ་བའི་ཕྱུཌ་ར་50དང་དངོས་ཟོག་གྲབས་གསོག་ཁང་1གི་རྣམ་གྲངས་ཀྱི་འགན་ཁུར་ནས་དཀའ་ངལ་ཡོད་པའི་མང་ཚོགས་180ལྷག་ཙམ་གྱི་ལས་ཞུཌ་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.7གཏོད་རོཌ་བྱས་ཡོད།

ད་ཆ། ཀུན་དགའ་རིན་ཆེན་ནི་གེ་དམར་གྲོང་ཚོའི་གྲགས་ཅན་མི་སྣ་ཞིག་ཡིན་ཞིང་། ཁོང་གི་མིང་འབོད་རིམ་བཞིན་གྲོང་ཚོའི་ནང་མཐེ་བོང་བསྒྲེངས་ནས་བསྔཌ་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། འོན་ཀྱང་ཁོང་གིས“འདོད་བློ་ཁེངས་ནས་མི་སྡོད་པར། ཀུང་སི་སྟོབས་འབྱོར་ལྡན་པར་འགྱུར་སྐབས། ལོ་60ཡན་གྱི་བཟོ་པ་ཚང་མ་རྒན་ཡོལ་ཞུ་རུ་འཇུག་པ་དང་ཁོ་ཚོར་རྒན་ཡོལ་དངུལ་སྤྲད་དེ་ཚེ་མཇུག་གི་འཚོ་བ་འགན་ལེན་བྱེད་ཀྱི་ཡིན”ཞེས་བརྗོད།