《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

ཞིང་ལས་ལག་རྩལ་གཤམ་སྤེལ་གྱིས། དཔྱིད་རྨོད་ལས་ལ་རམ་འདེགས་བྱེད།

ཉེ་ཆར། ཧྲའན་ཤིས་ཀོན་ཀྲུང་ས་ཁུལ་དུ་གནམ་གཤིས་རིམ་བཞིན་དྲོ་རུ་ཕྱིན་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་འགག་རྩའི་དུས་ཚིགས་སུ་སླེབས་ཡོད། ཤིས་ཨན་གྲོང་ཁྱེར་ཞིང་ལས་སྡེ་ཚན་གྱིས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་མུ་ཁར་བསྐྱོད་ནས་ཞིང་པ་དང་གཞི་རིམ་ཞིང་ལས་ལག་རྩལ་པར་དོ་དམ་ལག་རྩལ་དང་ནད་འབུ་འགོག་བཅོས་ཀྱི་ཤེས་བྱ་གསལ་འགྲེལ་བྱས་ཏེ་དཔྱིད་རྨོད་བདེ་བླག་ཡོང་བའི་འགན་ལེན་བྱས་ཤིང་། འདི་ནི་ཤིས་ཨན་གྲོང་ཁྱེར་ཞིང་ལས་ལག་རྩལ་ལྟེ་གནས་ཀྱི་ཚན་རྩལ་ཆེད་ལས་པ་ཀྲང་ཞོན་ཧའོ(གཡས)ཡིས་ཤིས་ཨན་གྲོང་ཁྱེར་ཀྲོའུ་ཀྲི་རྫོང་ཀོང་ཆི་གྲོང་རྡལ་དུ་གཞི་རིམ་ཞིང་ལས་ལག་རྩལ་པ་དང་གྲོ་འདེབས་འཛུགས་ལག་རྩལ་སྐོར་སྤེལ་རེས་བྱེད་བཞིན་པ།