《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

བསྡུས་གསལ་གསར་འགྱུར།

▲ འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པར་2020ལོའི་ལྗོངས་ཡོངས་ཀྱི་འབྲུ་རིགས་དང་དངོས་རྫས་གྲབས་གསོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2019ལོར་ལྗོངས་ཡོངས་ཀྱི་རིགས་ཁག་གི་འབྲུ་སྣུམ་ཁོངས་ཞུགས་ཁེ་ལས་ཀྱིས་ལོ་འཁོར་མོར་ཞིང་པའི་འབྲུ་རིགས་ལྷག་མ་ཏུན་ཁྲི་3.5ཉོས་ཏེ། ཞིང་པས་འབྲུ་རིགས་བཙོངས་པའི་དངུལ་སྨར་ཡོང་འབབ་སྒོར་དུང་ཕྱུར་1.4འཕར་བ་རེད།

▲ འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་3ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་རའི་ལྟ་འདོམས་སྡེ་ཚན་གྱིས་དམིགས་འཛུགས་ས་ཚིགས་སུ་ཉེ་དུས་ཁྲིམས་སྐྱོང་ཞིབ་བཤེར་བྱེད་རིང་། བཙལ་ཆོད་ཐུབ་པའི་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཡོངས་བསྒྲགས་ངང་མེར་བསྲེགས་པ་རེད། ད་ཐེངས་ཀྱི་མེར་བསྲེགས་པའི་དངོས་ཟོག་ནང་བཟའ་བཅའ་དང་། བཏུང་བྱ། ཨ་རག་རིགས། ཞིང་ལས་རྒྱུ་ཆ་སོགས་སྣ་ཁ་140ལྷག་ཙམ་ཡོད་པར། རིན་གོང་སྒོར་ཁྲི་70ལྷག་ཙམ་ཟིན་ཡོད།

▲ འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། དཔྱིད་ཀ་ཤར་ཚུན། སྡེ་ཚོགས་ཆུས་ཨུད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་དགུ་པའི་རོགས་སྐྱོར་འོག བཞད་མཐོང་སྨོན་རྫོང་མཐོང་སྨོན་ཤང་ལྷ་དབང་རྩེ་གྲོང་ཚོའི་མུའུ་300ལྷག་ཙམ་གྱི་ཚད་གཞི་མཐོ་བའི་ཞིང་ནང་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་སྐྲུན་བཞིན་ཡོད་པ་རེད།