《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

ཅང་ཅེས་2020ལོའི་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་བཀོད་འདོམས་པུའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེས་2020ལོའི་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་བཀོད་འདོམས་པུའི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་སྟེ། 2020ལོར་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གང་མགྱོགས་གཏོང་བའི་བཀོད་སྒྲིག་གནང་བ་རེད།

བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཐུབ་བསྟན་འཕྲིན་ལས་ཚོགས་འདུར་ཞུགས་པ་རེད།

ཅང་ཅེས་ནན་བཤད་གནང་དོན། གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། “དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན”མཐའ་འཁྱོངས་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལས་དོན་ལ་ངོས་འཛིན་དང་། འཆར་འགོད། སྐུལ་འདེད། དོན་འཁྱོལ་བཅས་བྱེད་དགོས། དམིགས་ཚད་དང་བསམ་ཕྱོགས་སྔར་བས་ཁ་གསལ་གྱིས་ལོ་འཁོར་གྱི་འཆར་གཞིར་གཞིགས་ཏེ། ལས་ཡུན་ལྡོག་སྒྲིག་དང་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས། རྣམ་གྲངས་འཛུགས་སྐྲུན་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་སྤུས་འབོར་གཉིས་ལྡན་གྱིས་འཛུགས་སྐྲུན་ལས་དོན་ལེགས་གྲུབ་བྱེད་དགོས། གཙོ་གནད་སྔར་བས་མངོན་གསལ་དོད་པོ་དང་ཞན་ཆ་གསབ་ཏེ་ཆུ་དང་། གློག ལམ། དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་འཆར་འགོད་དང་སློབ་གསོ་སོགས་ལེ་ལག་ཚང་བའི་འཛུགས་སྐྲུན་ཡག་པོ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་དང་འགན་ལེན་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

(དབང་སྒྲོལ་སྐྱིད་ཀྱིས་བསྒྱུར། དོན་གྲུབ་ཀྱིས་ཞུས)