《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

པར་རིས་གསར་འགྱུར།

ཟླ་3ཚེས་15ཉིན་ནི་རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་ཉིན་མོ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། མང་ཚོགས་ལ་རང་ངོས་ཀྱི་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཇོན་ཐང་ཆེ་རུ་བཏང་སྟེ། ཁེ་དབང་སྲུང་སྐྱོང་བྱེད་ཕོད་པ་དང་། ཚན་རིག་དང་མཐུན་པའི་ཁེ་དབང་སྲུང་སྐྱོང་བྱེད་པ། ལུགས་དང་མཐུན་པའི་ངང་ཁེ་དབང་སྲུང་སྐྱོང་བྱེད་པ། འཛད་སྤྱོད་པའི་མཐུན་ཚོགས་སོགས་ཀྱི་སྡེ་ཚན་དང་མཉམ་དུ་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལས་དོན་མི་སྣས་ཚོང་ཁང་ཁག་ཏུ་བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།