《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月19日

བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་འཁོར་སྐྱོད་བརྟན་པོ་ཡོད་པ།

ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་ སློབ་མ་ཁྲི་1.6ཐོ་འགོད་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་17ཉིན་གནས་ཚུལ་འབྱོར་གསལ། ཚེས་17ཉིན། གསར་འགོད་པར་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཞབས་ཞུ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་འཁོར་སྐྱོད་བརྟན་པོ་ཡོད་ཅིང་། ཟླ་3ཚེས་16ཉིན་བར་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ཁྱོན་བསྡོམས་16273ཐོ་འགོད་བྱས་པ་དང་། རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་དང་བོད་སྡོད་ཀྲུང་དབྱང་ཁེ་ལས་སོགས་མི་སྤྱོད་ཚན་པ་179ཡིས་ཁྱོན་བསྡོམས་སྤུས་ཚད་ལེགས་ལ་ཧ་ཅང་འཚམས་པའི་ལས་གནས་1767མཁོ་འདོན་བྱས་ཡོད།

2019ལོའི་ཟླ་12ཚེས་31ཉིན། བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་དངོས་སུ་སྤྱོད་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ལས་ཞུགས་ཅུས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཚང་མར་ཞིབ་བཤེར་གཏན་འབེབས་ཀྱི་རྩིས་ཐོ་སྤྲད་པས་གྲོང་ཁྱེར་དང་ས་ཁུལ་ཁག་གི་སྤྱི་པའི་ལས་ཞུགས་ཞབས་ཞུ་སྒྲིག་གཞིས“བོད་ལྗོངས་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ”བརྒྱུད་དྲ་ཐོག་གི་གདན་ཞུའི་ཚོགས་འདུ་འཚོག་ཆོག་གི་ཡོད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། སློབ་གསོ་ཐིང་། གཞུང་རྒྱུ་ཨུ་ལྷན་སོགས་སྡེ་ཚན་གྱིས་བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བ་བརྒྱུད“བོད་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ལེགས་ལས་གནས་ཀྱི་དྲ་བའི་ཆེད་དོན་གདན་ཞུའི་འདུ་ཚོགས”འཚོགས་ཡོད། བོད་ཀྱི་སྤྱི་པའི་ལས་ཞུགས་གདན་ཞུའི་དྲ་བར་ཐོ་འགོད་བྱས་པའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་དང་གདན་ཞུའི་ཚན་པའི་དབར་དྲ་ཐོག་ནས་མི་སྒེར་གྱི་ལོ་རྒྱུས་མདོར་བསྡུས་གོང་འབུལ་དང་། ཧ་ཅང་འཚམས་པའི་ལས་གནས་གནད་སྨིན། དྲ་ཐོག་ནས་ངོ་རྒྱུགས་ལེན་པ་སོགས་ངོ་འཕྲད་མི་དགོས་པ་དང་འབྲེལ་གཏུག་བྱེད་མི་དགོས་པར་ལས་གནས་འཚོལ་རྒྱུ་མངོན་འགྱུར་བྱུང་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)