《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧྥེ་ཚུང་།

ཡུལ་སྐོར་ལས་རིགས་ནི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་དང་། བདེ་སྐྱིད་ཐོན་ལས། རྩེར་སོན་ཐོན་ལས་བཅས་ཡིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་དང་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཁྲེང་ཀོན་ཆུས་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་དེང་རབས་ཅན་དང་། ཞིབ་ལས་ཅན། སྤུས་ཚད་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། མི་དམངས་ཀྱི་ཉིན་རེའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། སྨྱུག་འཛིན་པས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བར་སྲུང་སྐྱོང་དང་གསར་སྤེལ་གལ་ཆེ་མཉམ་འཛིན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་སྔར་བས་ཆེ་དུ་གཏོང་དགོས་པའི་ངོས་འཛིན་བྱས།

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡུལ་སྐོར་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་ལ་སྤྱི་འདོམས་བྱས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་དང་། གྲགས་ཅན་མཛེས་ལྗོངས་ཁུལ། འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱར་བརྩི་སྲུང་དང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ནན་པོར་སྲུང་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་མཉམ་དུ་རིམ་སྤོར་ཡོང་བ་བྱེད་དགོས།

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲོང་གསེབ་ཀྱི་ཡུལ་སྐོར་ནི་ཁྲེང་ཀོན་ཆུས་ཀྱི་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་འགག་རྩ་ཞིག་རེད། གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཤུགས་རྐྱེན་ལྡན་པའི“གཉིས་གཏོད”ཡུལ་སྐོར་རྟེན་གཞི་ཁག་གཅིག་གཏོད་པ་དང་། གྲོང་གསེབ་ཀྱི་ལས་རིགས་སྤྱི་གཉེར་བ་དང་། གྲོང་ཚོའི་གྲགས་ཅན་མི་སྣ། གྲོང་ཚོའི་བཟོ་བོ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་བཅས་གསོ་སྐྱོང་། ཞིང་ལས་ཤེས་པ་དང་། ཡུལ་སྐོར་ལས་དོན་ཤེས་པ། གྲོང་གསེབ་ལ་དགའ་བ། ཞིང་པར་དགའ་བ་བཅས་ཀྱི་ཡུལ་སྐོར་ཁེ་ལས་ཀྱི་ཤེས་ལྡན་པ་ཕ་ཡུལ་དུ་ལོག་ནས“གཉིས་གཏོད”བྱེད་སྒོ་འཕེལ་རྒྱས་གཏོང་བ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་དང་། ཤེས་ལྡན་པ། བཟོ་ཚོང་ལས་རིགས་ཀྱི་མི་སྣ་བཅས་གྲོང་གསེབ་ཏུ་ཡུལ་སྐོར་འཕེལ་རྒྱས་ལ་རོགས་རམ་བྱེད་པར་ཡོང་རྒྱུར་ལྕག་སྐུལ་བཅས་བྱེད་དགོས། གཞན་ཡང་། ད་དུང་ཡུལ་སྐོར་དང་བླངས་པ་དང་སྒྱུ་རྩལ་དང་ཚན་རྩལ་ལས་དོན་པ་གྲོང་སྡོད་རོགས་སྐྱོར་ལ་ཡོང་རྒྱུ་སྒྲིག་འཛུགས་དང་ཁྲིད་སྟོན་བྱས་ནས་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་གཏོང་དགོས།

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱ་ཐབས་སྣ་མང་སྤྱད་དེ། མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་དགོས། རྒྱལ་ནང་གྲོང་ཁྱེར་ཁག་གིས་གཉེར་བའི་ཡུལ་སྐོར་གྱི་བྲིན་སྐུལ་བྱེད་སྒོར་ཧུར་ཐག་ཞུགས་ཏེ། ཁྲེང་ཀོན་ཆུས་ཀྱི་སྤུས་ལེགས་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་དགོས།