《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ཕྱིན།

——ཁྲེང་ཀོན་ཆུས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་ལས་རིགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ།

2019ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཡུལ་སྐོར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་2022ཟིན་པ་དེ་དུས་མཚུངས་ལས་15%འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་173.54ཟིན་པ་དེ་དུས་མཚུངས་ལས་19%འཕར་ཡོད།

—— ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། མ་དངུལ་སྒོར་ཁྲི་1281བཏང་ནས་དོག་སྡེའི་བོད་ཁྱིམ་དམངས་སྲོལ་ཡུལ་སྐོར་གྲོང་ཚོ་བསྐྲུན་པ་དང་། མིག་སྔར། རྣམ་གྲངས་ཧྲིལ་པོའི་60%ལེགས་གྲུབ་ཟིན་ཡོད། རྣམ་གྲངས་བསྐྲུན་རྗེས་པེ་ཅིང་གི་བོད་སྐྱོར་གྲོང་གསེབ་ཡུལ་སྐོར་གྱི་དཔེ་མཚོན་དང་བོད་ཀྱི་དམངས་སྲོལ་ཉམས་ལེན་ཡུལ་སྐོར་གྱི་དཔེ་མཚོན་ཞིག་ཏུ་འགྱུར་རྒྱུ་དང་། མ་དངུལ་སྒོར་ཁྲི་320བཏང་སྟེ་བོད་ཀྱི་ཚ་ཚའི་རིག་གནས་འགྲེམས་སྟོན་ཁང(འཇིམ་བརྙན་ཁང་ཆེ་གྲས)དང་བོད་ཀྱི་ཆུ་འཐག་རིག་གནས་ཉམས་ལེན་ལྟེ་གནས་ཀྱི་རྣམ་གྲངས་2བསྐྲུན་པ་དེས་ཡུལ་སྐོར་གྱི་ནང་དོན་དང་སྤུས་ཚད་ལེགས་སུ་འགྲོ་རྒྱུ་རེད། མ་དངུལ་སྒོར་ཁྲི་92བཏང་ནས་ཁྱིམ་དུ་འཚམས་འདྲི་བྱེད་པའི་ཉམས་ལེན་དུད་ཚང་6རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་དེ་མིག་སྔར་དུས་འགོའི་འཆར་འགོད་ཁྲོད་གནས་ཡོད། མ་དངུལ་བསྡོམས་སྒོར་ཁྲི་3000བཏང་བའི་ཉང་བྲན་སྦྱར་བཞི་རིག་གནས་ཡུལ་སྐོར་དཔེ་སྟོན་གྱི་འཛུགས་སྐྲུན་རྣམ་གྲངས་དང་ལྷ་སའི་ནང་མའི་ཁྲིད་སྦྱོང་ཁང་གི་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་ནས་འབྲེལ་ཡོད་ཁེ་ལས་དང་མཉམ་ལས་ཀྱི་གཉེར་སྐྱོང་དོན་ཚན་སྦྲེལ་མཐུད་བྱེད་བཞིན་ཡོད།

—— གྲོང་གསེབ་ཀྱི་ཡུལ་སྐོར་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ། ཉང་བྲན་དམངས་སྲོལ་གོམས་འདྲིས་གླིང་དང་དེ་བཞིན་གྲོང་གསེབ་ཀྱི་སྤྲོ་གསེང་ས་ཚིགས་10ལ“འགྱིག་ཤོག་གད་སྙིགས་བཀག་འགོག”དང་། “གད་སྙིགས་ཕྱགས་ནས་རྐང་རྗེས་འཇོག་པ”“ཏང་ཡོན་གྱི་ལྗང་མདོག་ཕྱིར་སྐྱོད”སོགས་ཁོར་ཡུག་སྲུང་སྐྱོང་གི་དང་བླངས་དཔེ་སྟོན་ས་ཚིགས་ཁྱབ་གདལ་བཏང་བ་རེད། སྲོལ་རྒྱུན་རིག་གནས་གྲོང་གསེབ་ཀྱི་ཡུལ་སྐོར་ནང་དོན་ལ་བརྩིས་ནས་ཚ་ཚའི་རིག་གནས་འགྲེམས་སྟོན་ཁང་དང་། སྐུ་མགྲོན་གྱི་བོད་ཁྱིམ་འཚམས་འདྲི། ལྷ་མོ་ལྟ་བའི་ཉམས་ལེན་སོགས་གཙོ་བོར་བྱས་པའི་རིག་གནས་ཡུལ་སྐོར་ཉམས་ལེན་གྱི་སྤུས་རྟགས་ལམ་ཐིག་3གཏོད་རྒྱུ་རེད།

—— རིག་གནས་ཡུལ་སྐོར་གྱི་སྤུས་ཚད་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས། རིག་གནས་ཡུལ་སྐོར་ཁྲོམ་རའི་ཞི་མཐུན་ལ་སྐུལ་འདེད་བཏང་བ། སྔོན་ཐོན་དཔྱད་གཞིར་འཛིན་པ་དང་གོ་རིམ་ཚད་ལྡན་དུ་བཏང་ནས་ཁྲོམ་རའི་ཞི་མཐུན་ལ་སྐུལ་འདེད་བཏང་ཡོད། པེ་ཅིང་ཐུང་ཀྲོའུ་ཆུས་ཀྱི་སྲིད་འཛིན་ཞིབ་མཆན་བརྒྱུད་རིམ་དང་རྫོང་རིམ་པའི་སྒྱུ་རྩལ་ཚོགས་པའི་དོ་དམ་ཉམས་མྱོང་དང་བྱ་ཐབས་བཟང་པོ་དཔྱད་གཞིར་འཛིན་ཏེ། སྔ་རྗེས་སུ《ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རོལ་རྩེད་ཁང་གི་ཚད་ལྡན་ཅན་གྱི་ལས་ཀའི་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རིག་གནས་ཡུལ་སྐོར་ཅུས་ཀྱི་རིག་གནས་རོལ་རྩེད་ཁྲོམ་རའི་ཞིབ་མཆན་འགོད་པའི་ལས་ཀའི་བྱ་སྤྱོད་ཚད་གཞི》བཟོས་པ་དང་། རོལ་རྩེད་ཁང་དང་མཛེས་རྩལ་ཐོན་རྫས་ཀྱི་གཉེར་སྐྱོང་བྱ་ཡུལ་གྱི་སྲིད་འཛིན་ཆོག་འཐུས་ཀྱི་རེ་ཞུའི་རེའུ་མིག་དང་བརྒྱུད་རིམ་རེའུ་མིག་བཟོས་ནས། རོལ་རྩེད་ཁང་གི་ཞིབ་མཆན་བརྒྱུད་རིམ་ཁྲོད་གསལ་རྟོགས་ཐུབ་དགོས་པའི་དོན་ཚན་ལ་འགྲེལ་བཤད་ཁ་གསལ་བརྒྱབ་པ་དང་། མི་སྣའི་ཞིབ་མཆན་བྱ་སྤྱོད་ཚད་ལྡན་བཟོས་པ། དེ་མཚུངས་ཀྱི་ཁ་གསལ་བའི་ཞིབ་མཆན་བརྒྱུད་རིམ་བཟོས་པ་རེད། རྒྱུན་རྣམ་ཅན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་དང་ཁྲོམ་རའི་སྒྲིག་ལམ་གྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་མཛེས་ལྗོངས་ཁུལ་དང་མཛེས་ལྗོངས་ས་ཚིགས་དང་། མགྲོན་ཁང་དང་ཨར་ཁང་། ཁྱིམ་ཚང་མགྲོན་ཁང་། རིག་གནས་རོལ་རྩེད་ཁང་སོགས་ལ་ལྟ་སྡོམ་ཞིབ་བཤེར་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་འཕྲལ་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།

གཞན་ཡང་། ཁྲེང་ཀོན་ཆུས་ཀྱིས་ཡུལ་སྐོར་དབུལ་སྐྱོར་ཡུལ་སྐོར་ལས་དོན་གྱི་ནང་དོན་དང་ལས་འགན་གལ་ཆེན་ཞིག་ལ་བརྩིས་པ་དང་། ལྷག་པར་དུ། ཐོན་ཁུངས་ཅུང་དཀོན་པའི་དབུལ་སྐྱོར་བྱ་གཞག་གོང་མཐོར་གཏོང་རྒྱུ་དེ་ཡུལ་སྐོར་དབུལ་སྐྱོར་གྱི་འཇུར་མིག་སེལ་བའི་དམིགས་ཚད་ལ་བརྩིས་ཏེ། ཡུལ་སྐོར་གྱི་རིག་གནས་གསར་གཏོད་ཐོན་རྫས་ཞིབ་སྤེལ་དང་ཡུལ་སྐོར་རིག་ལྡན་ཅན་སྡེ་ཁུལ་གྱི་དབུལ་སྐྱོར་བྱ་གཞག་དང་ཟུང་འབྲེལ་བྱས་ནས“བོད་ལྗོངས་ཡུལ་སྐོར”གྱི་དབུལ་སྐྱོར་དྲན་རྟེན་ཐོན་རྫས་བཏོན་ཡོད། དུས་འགོའི་ཚོད་ལྟའི་ལས་དོན་ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་དུ་ཁྱབ་གདལ་བཏང་བ་དང་། ཚོད་ལྟ་དེར་ལོ་ལྟར་སྡེ་ཁུལ་གྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་33ལྷག་ཙམ་གཏོང་གི་ཡོད། མིག་སྔར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས། སྡེ་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་གནས་4རུ་ཁྱབ་གདལ་བཏང་བ་དང་ཐོན་རྫས་ཐོག་མའི་རིགས་གཅིག་སྣ་ཁ་8ནས་རིགས་3སྣ་ཁ་22བར་ཞིབ་འཇུག་གསར་གཏོད་བྱས་ཡོད་པ་རེད།

(བསྟན་འཛིན་བཟང་མོས་བསྒྱུར། བདེ་སྐྱིད་དང་བསྟན་བཟང་གིས་ཞུས)