《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ཡུལ་སྐོར་ལས་རིགས་སྐས་རིམ་གསར་པར་སླེབས་པ།

—— ལྷ་ས་གྲོང་ཁྱེར་གྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གསར་གཏོད་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གསར་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》དང《ལྷ་ས་གྲོང་ཁྱེར་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་སྒར་སའི་སྤྱི་ཡོངས་ཀྱི་འཆར་འགོད་ཐ་སྙད་ཇུས་གཞི》སོགས་བཏོན་ཡོད། ཁྲེང་ཀོན་ཆུས་ཀྱིས་རྒྱལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོ་ལེགས་པར་བཏོད་ཅིང་། འདམ་གཞུང་རྫོང་དང་སྟག་རྩེ་ཆུས་སོགས་རྫོང་དང་ཆུས་ཀྱིས་ཚད་གཞི་དང་ཡང་ཡང་བསྡུར་ནས་གསར་གཏོད་འཕེལ་རིམ་མགྱོགས་སུ་གཏོང་བཞིན་ཡོད།

2019ལོའི་ཟླ་1ནས་ཟླ་10པ་བར། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་76644ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་8.08རག་པ་དེ་དུས་མཚུངས་ལས་26.73%དང་30.8%འཕར་ཡོད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཏོད་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡུལ་སྐོར་ལས་རིགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ། སྤུས་དག་ཡུལ་སྐོར་ལམ་ཐིག་བཏོད་པ།

སྤུས་དག་ཡུལ་སྐོར་ལམ་ཐིག་རྒྱུན་ཆད་མེད་པར་བཏོད་པ་དང་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མི་གྲངས་རྒྱུན་མཐུད་ངང་འཕར་བ་དང་བསྟུན་ནས་ལྷ་སའི་ཞིང་འབྲོག་པ་མང་པོར་ཡུལ་སྐོར་ལས་ཡོང་འབབ་རག་ཡོད། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། 2019ལོར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཐོན་ལས་གཙོ་གནད་རྣམ་གྲངས་6ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་26.6799གཏོང་རྩིས་ཡོད་པར་ད་ཆ་སྒོར་དུང་ཕྱུར་13.5236བཏང་ཡོད། ལྷ་སའི་གྲོང་སྐོར་ལམ་ཐིག་བྱང་མའི་སྤུས་དག་ཡུལ་སྐོར་ལམ་ཐིག་མགྱོགས་མྱུར་གཏོད་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་ལམ་རྒྱུད་ཀྱི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱད་པ་རེད། ལྷ་སའི་གྲོང་སྐོར་ལམ་ཐིག་བྱང་མའི་སྤུས་དག་ཡུལ་སྐོར་ལམ་ཐིག་ནང་ཚལ་སྣེ་དང་ཐོན་པ་གཙོར་བྱས་པའི་མངོན་མིན་ཤུལ་བཞག་ཡུལ་སྐོར་དང་། གོ་ཆུང་གངས་རི་འཁྱག་རོམ་དང་། ཡངས་པ་ཅན། འདམ་གཞུང་རྟ་རྒྱུག་ར་བ་བཅས་ཀྱིས་གཙོས་པའི་འབྲོག་ཐང་ཡུལ་སྐོར། མཛེས་སྡུག་ལྡན་པའི་གནམ་མཚོས་གཙོས་པའི་བླ་མཚོའི་ཡུལ་སྐོར། མལ་གྲོ་གུང་དཀར་རྫོང་གྲོང་དང་། གཟི་བྱིན་ལྷ་མཚོ། རྒྱ་མ་ལུང་ཤུར། སྟག་རྩེ་ཆུས་བཅས་ཀྱིས་གཙོས་པའི་དམངས་སྲོལ་ཡུལ་སྐོར། བར་སྐོར་ཁྲོམ་གཞུང་དང་། ལྷ་ས་སྐྱིད་ཆུ། 《འུན་ཤིང་ཀོང་ཇོའི》དངོས་མཚོན་ཟློས་གར་ཆེ་གྲས་བཅས་ཀྱིས་གཙོས་པའི་སེམས་ཁམས་ཡུལ་སྐོར་བཅས་ཚུད་ཡོད། མཛེས་ལྗོངས་ཁུལ་ཡག་ཤོས་དང་སྤུས་དག་ལམ་ཐིག་20ལྷག་ཙམ་ལས་བོད་ཀྱི་རང་བྱུང་ངོ་མཚར་དང་། དམངས་སྲོལ་གོམས་འདྲིས། ལོ་རྒྱུས་རིག་གནས་བཅས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

ཁྲོམ་ར་རྒྱ་སྐྱེད་བཏང་ནས། སྤུས་དག་གི་ཤུཌ་རྐྱེན་ཐེབས་ཤུཌ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ལྷ་སའི་དགུན་དུས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤེས་རྟོགས་གཏིང་ཟབ་བྱ་ཆེད། ཤིས་ཨན་དང་། པེ་ཅིང་། སུའུ་ཀྲོའུ། ཧྲེན་ཀྲེན་སོགས་སུ“འདི་ལོའི་དགུན་ཁར་སྐུ་ཉིད་ལྷ་སར་ཕེབས་དང”ཞེས་པའི་2019ལོའི་ལྷ་སའི་དགུན་དུས་ཡུལ་སྐོར་སྐོར་སྐྱོད་བྲིན་ཚོང་བྱེད་སྒོ་སྤེལ་བ་རེད། འོས་སྦྱོར་བྱེད་སྒོ་དང་པར་རིས་འགྲེམས་སྟོན་བྱས་པ་བརྒྱུད། ཡུལ་སྐོར་བ་ཚོར་ལྷ་སའི་ཡུལ་སྐོར་གྱི་ཆ་འཕྲིན་གསར་པ་དང་། འགུལ་ཕྱོགས་གསར་པ། ཐོན་རྫས་གསར་པ་བཅས་ངོ་སྤྲོད་བྱས་པ་དང་། ལྷག་པར་དུ་མང་ཚོགས་མང་པོའི“དགུན་དུས་ལྷ་སའི་ཡུལ་སྐོར”གྱི་ངོས་འཛིན་ལོག་འཁྲུལ་ལ་འགྱུར་ལྡོག་བཏང་ནས་ངོ་མཚར་ཆེ་བའི་ལྷ་སའི་པར་རིས་བརྩམས་ཆོས་དང་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་པའི“དགུན་དུས་ལྷ་སར་ཡུལ་སྐོར”གྱི་ཡུལ་སྐོར་ཐོན་རྫས་དང་དགུན་དུས་ལྷ་སའི་ཡུལ་སྐོར་གྱི་སྲིད་ཇུས་བཟང་པོ་སོཌ་ཀྱི་འོས་སྦྱོར་བྱེད་སྒོ་སྤེལ་ཡུལ་ཁག་ཏུ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་ལམ་སྲོལ་གསར་པ་འཐུས་སྒོ་ཚང་དུ་བཏང་བ།

ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཡུལ་སྐོར་ཞབས་ཞུའི་ལྟ་འདོམས་ཤུགས་ཆེར་གཏོང་བའི་ཐད་འབད་བརྩོན་བྱས་ཏེ་ཡུལ་སྐོར་བར་སྙིང་ཉེ་བ་དང་། དྲོ་སྐྱིད་ལྡན་པ། སྤུས་ཚད་མཐོ་བ་བཅས་ཀྱི་ཡུལ་སྐོར་ཞབས་འདེགས་ཧུར་ཐག་ཞུས་ནས《ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཟོག་ཉོའི་ཁུལ་གཉེར་སྐྱོང་ཚད་གཞི(ཚོད་ལྟའི་ལག་བསྟར)》བཏོན་པ་རེད། 2019ལོའི་ཟླ་1པོ་ནས་ཟླ་10པའི་བར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་ཁྱོན་མཉམ་འབྲེལ་ཁྲིམས་སྐྱོང་ཐེངས་197བྱས་པ་དང་། ཁྲིམས་སྐྱོང་མི་སྣ་ཐེངས་446བཏང་སྟེ། ཡུལ་སྐོར་ལས་དོན་ཁང་ལ་ཞིབ་བཤེར་ཐེངས་475དང་། Aརིམ་པའི་མཛེས་ལྗོངས་ཁུལ(ས་ཚིཌ)ལ་ཞིབ་བཤེར་ཐེངས་61 སྐར་མ་རིམ་པའི་མགྲོན་ཁང(གསོལ་མགྲོན་ཁང)ལ་ཞིབ་བཤེར་ཐེངས་79 ཡུལ་སྐོར་ཟོག་ཉོ་ཁང་ལ་ཞིབ་བཤེར་ཐེངས་86བྱས་པ། དག་ཐེར་བྱ་རྒྱུའི་བརྡ་ཐོ་16བཏང་བ་དང་། སྲིད་འཛིན་ཆད་པ་ཐེངས་4བཅད་པར། ཆད་གཅོད་དངུལ་འབོར་སྒོར་ཁྲི་1.4ཟིན་པ། ཡུལ་སྐོར་སྣེ་ཤན་པའི་ལག་ཁྱེར་53གནས་སྐབས་བཀག་ཉར་བྱས་པ། ནག་སེལ་གཤེད་བཅོམ་གྱི་ཁུངས་སྣེ་ཐེངས་5མཐིལ་རྟོགས་ཞིབ་བཤེར་བྱས་པ། གོ་ཆོད་པའི་ཞུ་གཏུག་ཐེངས་398བདག་སྤྲོད་བྱས་པ། གྱོད་གཞི་སྒྲུབ་ཚད་ཐེངས་398ཟིན་པ། གྱོད་ཐག་གཅོད་ཚད་100%ཟིན་པ་བཅས་ལས། ཡུལ་སྐོར་བའི་དཔལ་འབྱོར་གྱོང་གུན་སྒོར་7719ཚུར་བླངས་པ་རེད།

ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་གོམ་སྟབས་རྗེས་མར་རྫོང་དང་ཆུས་གསར་གཏོད་བྱེད་པོར་བྱེད་པའི་བླང་བྱར་ནན་པོ་གཞིགས་ཏེ་རྒྱལ་ཁབ་གསར་གཏོད་ལས་དོན་ཕྱོགས་སྟོན་སྒྲིག་སྲོལ་དང་། གསར་གཏོད་ཞིབ་བཤེར་རྩིས་ལེན་ཚད་གཞི། གསར་གཏོད་འཆར་འགོད། ལག་བསྟར་ཇུས་གཞི་ལྟ་བསྡུར་ལས་དོན་བཅས་གཞིར་བཟུང་གསར་གཏོད་ལ་སྐུལ་འདེད་གཏོང་རིང་གི་གནད་དོན་དང་མི་འདང་ས་བཙལ་འཚོལ་དང་ཞིབ་ལྟ་ཧུར་ཐག་བྱས་ཐོག གསར་གཏོད་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་སྒུལ་ཤུགས་སྟོབས་ཆེར་གཏོང་རྒྱུ་རེད་ཅེས་བཤད་པ་རེད།

(བསོད་བདེ་དང་ཚེ་ཁོས་སྒྱུར་ཞུས་བྱས)