《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས(ཤེས་བྱའི་བདག་དབང)དང་སྨན་རྫས་ལྟ་འདོམས་ལས་དོན་གྱི་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། 2020ལོའི་ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས(ཤེས་བྱའི་བདག་དབང)དང་སྨན་རྫས་ལྟ་འདོམས་ལས་དོན་གྱི་ཚོགས་འདུ་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ཀྱི་འོག ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་དང་། ལོ་རྒྱུས་ཀྱི་འགན་འཁྲི། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་ཁྲོམ་ར་ལྟ་འདོམས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་། ལས་འགོ་བསྐྱར་འཛུཌ་དང་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་བཟའ་བཅའ་དང་སྨན་རྫས་ལྟ་འདོམས་དང་། སྤུས་ཚད་མཐོར་གཏོང་། རིན་གོང་ལྟ་འདོམས་བཅས་ལ་ཁྲིམས་འཛིན་བྱེད་ཤུཌ་ཆེ་རུ་གཏོང་དགོས་པ། ལས་དོན་སྒྲུབ་འདོད་པ་དང་། སྒྲུབ་ཤེས་པ། སྒྲུབ་ཐུབ་པ་བཅས་ཀྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི“དམག་ཧྲག”དཔུང་ཁག་ཅིག་བཏོད་ནས་ལྟ་འདོམས་ཀྱི་འཇོན་ཐང་དངོས་འབྲེལ་ཆེ་རུ་བཏང་སྟེ་མི་དམངས་མང་ཚོཌ་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇཌ་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

ཚོགས་འདུ་བརྙན་ལམ་ནས་འཚོགས་པ་དང་། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད་པ་རེད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)