《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

སྤེན་པ་བཀྲ་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ ཆེད་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཏེ་འདི་ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

སྤེན་པ་བཀྲ་ཤིས་ཀྱིས་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འཐབ་ཕྱོགས་དང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ཁག་གི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ”ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གལ་ཆེན་སྒྲིག་འཛུགས་ཞིབ་ཚགས་བྱེད་པ། ཇུས་འགོད་ལ་ཤུགས་སྣོན་གྱིས་ཆེད་དོན་ཆེད་སྒྲིག་ལེ་ཚན་གཏོད་པ། རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་དང་། གསར་འགྱུར་གྱི་དྲིལ་བསྒྲགས། རིག་རྩལ་གྱི་དྲིལ་བསྒྲགས། སྤྱི་ཚོགས་ཀྱི་དྲིལ་བསྒྲགས། དྲ་རྒྱའི་དྲིལ་བསྒྲགས། ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་བཅས་ཕྱོགས་ཡོངས་ནས་བྱས་ཏེ་དྲིལ་བསྒྲགས་ཀྱི་མཉམ་ཤུགས་ཆགས་ནས་ཟིལ་ཤུགས་ཆེན་པོ་འཕྱུར་བར་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་ཤུགས་ཆེན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་བསལ་དོ་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན། དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་ཀྱི་དོན་སྙིང་རླབས་ཆེན་དྲིལ་བསྒྲགས་ཤུགས་ཆེན། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་བྱེད་ཐབས་གལ་ཆེན་དང་། ཉམས་མྱོང་རྩ་ཆེན། གྲུབ་འབྲས་རླབས་ཆེན་བཅས་དྲིལ་བསྒྲགས་ཤུགས་ཆེན། དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་ཐོན་པའི་མི་སེམས་འགུལ་བའི་བྱས་རྗེས་དང་སྔོན་ཐོན་གྱི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས་བརྗོད་བྱ་གཙོ་བོ་སྔར་བས་མཆོག་ཏུ་འཛིན་པ་དང་། ཟུངས་ཤུགས་སྔར་བས་འཕེལ་བར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་དྲན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།