《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ཆེ་དགྲ་ལྷས་ལྗོངས་དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་གི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ཚེས་16ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྗོངས་དམངས་གཉེར་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་དེ་བཞིན་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། རྡོ་རྗེ་ཚེ་གྲུབ། ལུའོ་མེ། ང་ཕོད་འཇིགས་ཡོན་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་རང་ལྗོངས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་བཅས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་འབྲེལ། ཚོགས་ཞུགས་དམངས་གཉེར་ཁེ་ལས་དང་། ཚོང་ཚོགས། ཁེ་ལས་འབྲིང་གྲས་དང་ཆུང་གྲས་ཆེས་ཆུང་གྲས། གཉིས་གཏོད་ཁེ་ལས་ཀྱི་འགན་འཁུར་བ་བཅས་དང་མཉམ་དུ་བསམ་ཚུལ་གླེང་བ་དང་། བྱེད་ཐབས་རྗོད་པ། གྲོས་འགོ་འདོན་པ་བཅས་གནང་བ་རེད། ཚང་མས་མཇུག་བསྡུ་སྐབས་འགོ་འཛུགས་དུས་བཞིན་གཟབ་ནན་ངང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ། རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་མགྱོགས་མྱུར་སླར་གསོ་བཅས་བྱས་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། གནས་སྐབས་ཀྱི་དཀའ་ངལ་སེལ་བ། འབྱུང་འགྱུར་གྱི་འཕེལ་རྒྱས་བཅས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད་པ་རེད།

ཆེ་དགྲ་ལྷས་ནན་ཏན་ངང་གསན་པ་དང་ཐོ་བཀོད་གནང་བ་མ་ཟད། ཚང་མ་དང་གྲོས་བསྡུར་གནང་ཞིང་། ཁོང་གིས་ཚང་མས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་མི་ཉུང་བ་ཞིག་བཏོན་པ་དེ་དག་ང་ཚོས་དུས་ཐོག་ཏུ་གསེད་བཀྲོལ་དང་ལེན་བྱ་རྒྱུ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་ཞིབ་འཇུག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་གི་ཡིན། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བཅས་བྱས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བྱེད་དགོས། ཐོན་སྐྱེད་སླར་གསོ་ཐུབ་རིགས་མགྱོགས་མྱུར་སླར་གསོ་བྱས་ཏེ། ཐོན་སྐྱེད་དམ་འཛིན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་དམངས་གཉེར་ཁེ་ལས་ལ་རང་འགུལ་ངང་ཞབས་འདེགས་ཞུས་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། “དྲ་སྦྲེལ+སྲིད་དོན་ཞབས་འདེགས”འཕེལ་རྒྱས་མགྱོགས་སུ་གཏོང་བ། གོང་འོག་ལེ་ལག་མཐུན་སྦྱོར་བྱས་ནས་ཁེ་ལས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན། ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་ལ་འཕྲད་པའི་དཀའ་ངལ་སྔར་བས་སེལ་བ། ཁེ་ལས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་སྔོན་དཔག་གི་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཁེ་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་འདེགས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས། ཁེ་ལས་ཀྱི་ས་ནས་དངུལ་བུན་སྔ་སྣུར་དུ་ལེན་པ་དང་། དངུལ་བུན་གཏོང་མཚམས་འཇོག་པ། དངུལ་བུན་འགོག་པ་བཅས་བྱ་མི་ཆོག དམངས་གཉེར་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས། ལས་གནས་སུ་ལོག་པར་འཚང་གཡོལ་གྱི་བྱེད་ཐབས་སྤྱད་དེ་ས་གནས་དེ་གའི་ལས་མི་སྤྱོད་ཚད་མང་དུ་གཏོང་བ་དང་། ས་གནས་དེ་གའི་ལས་མིར་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་ཞེས་གསུངས་པ་རེད།