《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年03月18日

ཝུའུ་དབྱིང་ཅེས་དཔྱིད་རྨོད་དཔྱིད་འདེབས་ལས་དོན་ལ་བརྟག་ཞིབ་གནང་སྐབས།

ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་པ་རང་ཡུལ་ནས་བྲལ་མི་དགོས་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ།

བློ་བཟང་རྒྱལ་མཚན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ།

ཟླ་3ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཆེད་མངགས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་ནང་དང་། མུ་ཁ། ཞིང་འབྲོག་ཁོངས་གཏོགས་ཀྱི་ཚན་པར་ཕེབས་ཏེ། དཔྱིད་རྨོད་དཔྱིད་འདེབས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། འདི་ནི་ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོར་ཕེབས་ཏེ། ཞིང་ནང་དུ་དཀའ་སྤྱད་ངལ་རྩོལ་བྱེད་བཞིན་པའི་མང་ཚོགས་དང་ཅི་འཕྲོས་མོལ་འཕྲོས་གནང་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་16ཉིན་གནས་ཚུལ་འབྱོར་གསལ། ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཆེད་མངགས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཞིང་ནང་དང་། མུ་ཁ། ཞིང་འབྲོག་ཁོངས་གཏོགས་ཀྱི་ཚན་པར་ཕེབས་ཏེ། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་བྱ་ཚུལ་དང་འབབ་འཕར་ཕྱུག་འགྱུར་བྱུང་ཚུལ་བགྲོ་གླེང་དང་དཔྱིད་རྨོད་དཔྱིད་འདེབས་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཝུའུ་དབྱིང་ཅེས“རིམས་འགོག”དམག་འཐབ་བྱེད་རིང་ཞིང་ལས་ལ་འཐུས་ཤོར་མི་འགྲོ་བ་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི“འཇུག་གཞི”གནད་ལ་འཁེལ་པོས་འཚོལ་བ། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པ་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད)

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བཅས་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

ཝུའུ་དབྱིང་ཅེ་དང་བཅས་པ་ཆུ་ཤུར་རྫོང་ཚལ་སྣེ་ཤང་ཤེལ་གྲོང་གྲོང་ཚོ་དང་ཆུ་ཤུར་རྫོང་གི་འབྲུ་རིགས་ལས་སྣོན་རྟེན་གཞི་དང་། ཞིང་ནང་མུ་ཁ། བཟོ་གྲྭ་བཅས་སུ་ཕེབས་ཏེ། དཀའ་སྤྱད་ངལ་རྩོལ་བྱེད་བཞིན་པའི་མང་ཚོགས་དང་། ནན་ཏན་ངང་ལས་ཀ་བྱེད་བཞིན་པའི་ལས་བྱེད་པ་དང་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། ཤེལ་གྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆོས་སྒྲོན་གྱིས་གྲོང་ཚོའི་མང་ཚོགས་མི་རེར་ཆ་སྙོམས་ས་ཞིང་མུའུ་5ཡས་མས་ཡོད། ས་ཞིང་མུའུ་རེའི་ནས་ཐོན་འབབ་རྒྱ་མ་668ཡིན་པར་བརྩིས་ན་ལོ་གཅིག་གི་ཡོང་འབབ་སྒོར་2700ཡས་མས་རེད་ཅེས་ཞུས། ཆུ་ཤུར་རྫོང་ས་བོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཉི་མ་ཚེ་རིང་གིས་ཆུ་ཤུར་རྫོང་གིས་ཞིང་འབྲོག་ལས་ཀྱི་ཚན་རྩལ་གྱི་སྣེ་འདྲེན་ནུས་པ་གང་ལེགས་བཏོན་ཏེ། སོན་བཟང་ནང་འདྲེན་དང་། ཚོད་ལྟ། དཔེ་སྟོན། ཁྱབ་གདལ་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ཡོད། ས་གནས་དེ་གའི་མང་ཚོགས་གླས་ནས་ས་བོན་ལེགས་འདེམས་དང་སྨན་སྦྱོར་སོགས་ཀྱི་ལས་དོན་སྤེལ་བར་མི་རེར་ཆ་སྙོམས་འབབ་འཕར་སྒོར་1000བྱུང་ཡོད་ཅེས་ཞུས། ཝུའུ་དབྱིང་ཅེས་ཆོས་སྒྲོན་སོགས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམ་པོར་དམིགས་ཏེ། ཏན་ཏན་ཏིག་ཏིག་ངང་མང་ཚོགས་སྒྲིག་འཛུགས་བྱས་ནས་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་ས་གནས་ལ་ཞིང་འབྲོག་ཚན་རྩལ་གྱིས་ཞབས་འདེགས་ཞུ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱ་ཆེའི་ཞིང་ལས་ཚན་ཞིབ་མི་སྣར་ལུས་ཚུགས་ཐུབ་པ་དང་སེམས་རྣལ་དུ་འབེབས་པའི་ལྕག་སྐུལ་བྱེད་པ། རྟག་ཏུ་ཐོན་སྐྱེད་བྱ་ཡུལ་དུ་ཞིབ་འཇུག་བྱེད་པར་སྐྱོད་པ་བཅས་བྱས་ཏེ་ཞིང་འབྲོག་ཐོན་སྐྱེད་ཀྱི་གྲུབ་འབྲས་མང་ཚོགས་ལ་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། རྨོ་ཞིང་ཐོན་ཁུངས་སྤུས་ལེགས་ཡག་པོ་སྤྱོད་པ་དང་། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན། ས་བོན་གསར་སྒྱུར་གསར་འདོན་མགྱོགས་པོ་བྱེད་པ། ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་གྱི་ཐོན་སྐྱེད་བྱེད་པ་བཅས་ཀྱིས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ། ས་རྒྱུད་ཀྱི་ལེགས་ཆར་བརྟེན་ནས་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས། ས་ཞིང་ནང་བཤུག་མགྱོགས་པོ་བཏང་ནས་ཞིང་འབྲོག་པར་ས་ཞིང་བོགས་མར་གཏོང་བ་དང་རྐང་ཞུགས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་ལྕག་སྐུལ་དང་སྣེ་ཁྲིད་བྱས་ཏེ། ས་ཞིང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་ལ་སྐུལ་འདེད་བཏང་ནས་ཐོན་འབབ་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་པ། ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་བྱུང་བའི་ཉེ་འཁོར་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་བ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྷ་ས་སྐྱིད་ཆུའི་སྨད་རྒྱུད་ཀྱི་བྱང་ངོས་སུ་ཆགས་པའི་ཆུ་ཤུར་གྲོང་རྡལ་ཆུ་ཕུ་གྲོང་ཚོ་ནི་ཞིང་ས་གཤིན་ལ་ཆར་ཆུ་འབེལ་བའི་ཡུལ་ཞིག་ཡིན་ཞིང་། ད་ཐེངས་ཀྱི་ཁ་བ་བབས་རྗེས་གྲོང་ཚོ་དེ་རྣམ་ཀུན་ལས་ཀྱང་མཛེས་སྡུག་ལྷག་པར་ལྡན། ཝུའུ་དབྱིང་ཅེས་འདི་གར་ཕེབས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་ཕྱུགས་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ་དང་སྦྲགས། དཔྱིད་དུས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་ཡང་གསན་ཞིང་། ཁོང་གིས་བོད་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཞེས་པ་ནི་མི་སེར་ཚོས་དཀའ་སྤྱད་ངལ་རྩོལ་བྱས་ནས་འཚོ་བ་ཡག་པོ་སྐྱེལ་དགོས་པར་ཟེར། རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་མཐར་ཕྱིན། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་སེམས་ལ་འཇོག་པ། གྲོང་གསེབ་དར་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་ཟུང་འབྲེལ་དམ་ཟབ། ས་གནས་དེ་གའི་དོན་དངོས་ལ་གཞི་འཛུགས་པ། ཁྲོམ་རའི་དགོས་མཁོར་དམིགས་པ། “རྫོང་རེར་སྤུས་རྟགས་རེ”འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཐོན་ལས་གཅིག་ལ་དམ་པོར་དམིགས་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་ལེགས་པར་སྒྲུབ་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལས་དོན་སྤེལ་བ་བཅས་ལ་བརྟེན་ནས་ཐོན་ལས་གཅིག་འཕེལ་རྒྱས་བཏང་བ་ལས་ཡུག་གཅིག་གི་མང་ཚོགས་ལ་སྐུལ་ཁྲིད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། བསམ་བློར་བཅིངས་འགྲོལ་དང་འདུ་ཤེས་གསར་བརྗེ། འཚོལ་ཞིབ་ཧུར་ཐག་དང་བློ་ཁོག་ཆེན་པོས་ཚོད་ལྟ། མ་དངུལ་དང་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ནས་རོང་སའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གསོ་ཚགས་དང་། རྩྭ་འདེབས། ལས་སྣོན་བཅས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་འབྲི་གཡག་སོགས་ཁྱད་ལྡན་གསོ་ཚགས་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་དགོས་པ། ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་ལ་རོགས་རམ་ཐུབ་པའི་ཞིང་འབྲོག་ལས་ཀྱི་སྤྱོད་གོ་ཆོད་པའི་ལག་རྩལ་ཤེས་ལྡན་པ་ནང་འདྲེན་ཧུར་ཐག་བྱེད་པ་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན། ཞིང་ལས་ལ་ཤུགས་སྣོན། ཞིང་པར་ཕན་སྦྱར། ཞིང་ཁུལ་ལ་རྒྱབ་སྐྱོར་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་གནད་སྨིན་དང་དོན་འཁྱོལ་ཞིབ་ཚགས་བྱེད་པ། ཐབས་ལམ་སྣ་མང་སྤྱད་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བ་བཅས་བྱེད་དགོས་པ། གཙོ་གནད་ཐོན་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མ་དངུལ་དེ་བས་མང་བ་གཞི་རིམ་དང་། ཞིང་འབྲོག་ཁུལ། ཞིང་འབྲོག་པ་བཅས་ལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚད་ཡོད་ཀྱི་མ་དངུལ་དག་དགོས་མཁོ་ཆེ་ས་དང་འགག་རྩར་སྤྱོད་དགོས་པ། རིམ་ཁག་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་འཛུགས་སྐྲུན་ཡག་པོ། ཚན་རྩལ་ཆེད་མངགས་པའི་ནུས་པ་གང་ལེགས་འདོན་པ། ཚན་རྩལ་འདུས་ཚད་མང་དུ་གཏོང་བ་དང་ཞིང་འབྲོག་པའི་འཇོན་ཐང་ཆེ་རུ་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་ཞིང་འབྲོག་ལས་ལ་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་བྱེད་དགོས་པ། ཏང་གིས“ཞིང་གསུམ”ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ“ཞིང་གསུམ”ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱས་ནས་ཞིང་འབྲོག་ལས་མདུན་ལམ་ཆེ་བའི་ཐོན་ལས་དང་། ཞིང་འབྲོག་པ་ཡིད་དབང་འཕྲོག་པའི་ལས་རིགས། ཞིང་འབྲོག་ཁུལ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བཅས་ལ་ཧུར་ཐག་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

(སྤེན་ཚེ་དང་སྐལ་མཆོག་གིས་བསྒྱུར་ཅིང་ཞུས)